ཕྱིར་ཕུད་བཏང་བའི་སློབ་མ་ཚོ་བསྐྱར་དུ་སློབ་གྲྭར་ཚུད་འདུག
དེའི་སྐོར་གྲྭ་བློ་དགའ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། འདི་ལོའི་ཕྱི་༦ ཚེས་༡༡ ཉིན་མ་སུ་རིའི་སློབ་གྲྭ་ནས་སློབ་ཕྲུག་༡༠ དང་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་གཉིས་བཅས་ཁྱོན་སྡོམས་མི་གྲངས་བཅུ་གཉིས་གནས་དབྱུང་བཏང་སྟེ། དེའི་ཁྲོད་ཀྱི་ཕྲུ་གུ་དྲུག་བོད་ནང་གཏོང་རྩིས་ཀྱིས་བལ་ཡུལ་དུ་བཏང་། དེའི་རྐྱེན་པས་བཙན་བྱོལ་སྤྱི་ཚོགས་ནང་མ་སུ་རིའི་སློབ་གྲྭ་དང་བོད་གཞུང་བཀའ་ཤག་ལ་ལབ་གླེང་སྣ་ཚོགས་ཤིག་བྱུང་འདུག མཚམས་དེ་ནས་གུས་པས་སྒེར་ངོས་ནས་འགྲོ་གྲོན་བཏང་སྟེ། ཕྲུ་གུ་དེ་ཚོ་བལ་ཡུལ་ནས་དྷ་སར་ཁྲིད་ཡོང་བ་ཡིན། སྙན་ཞུ་རིམ་པ་ཕུལ་ནས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཁོངས་གཏོགས་ཀྱི་སློབ་གྲྭ་དང་དེ་མ་ཡིན་པའི་སློབ་གྲྭར་བསྐྱར་དུ་ཚུད་ཐབས་བྱས་ནས་ད་ཆ་སློབ་ཕྲུག་དགུ་པོ་ཡོངས་རྫོགས་སློབ་གྲྭར་སློབ་འཇུག་བྱས་བ་ཡིན། སྔ་ཕྱིའི་བརྒྱུད་རིམ་ནང་དཀའ་ལས་ཁག་ཤོས་དེ་སེམས་ཁྲལ་རེད་ལ། དེ་ལས་གཞན་པའི་ལས་ཁུངས་ཁག་ཏུ་འབྲེལ་བ་བྱས་པའི་སྐབས་སུ་དུས་ཚོད་ཕར་འགྱངས་ཤོར་བ་དེ་གཉིས་རེད། སློབ་ཕྲུག་ཚོས་ངོས་ནས་ཁ་སེང་དང་པོ་ཐུག་པ་ནས་བཟུང་ཕ་མ་གཅིག་པའི་སྤུན་མཆེད་ཀྱི་ལྟ་སྟངས་འཛིན་གྱི་འདུག ལྷག་པར་དུ་ཕྲུ་གུ་དེ་ཚོའི་ཕ་མ་བོད་ན་ཡོད་པ་རེ་འགས་འབྲེལ་བ་བྱས་བྱུང་། གང་ལྟར་ཕྲུ་གུ་དེ་ཚོར་སེམས་ཁྲལ་བྱེད་ངེས་ཡོངས་རྫོགས་ཀྱིས་ང་ལ་གཉེན་ཉེ་ཀྱི་འདུ་ཤེས་འཇོག་གི་འདུག ཕ་ཡུལ་ཁམས་རྫ་པ་ནས་ཡིན་པའི་བློ་གྲོས་རྒྱ་མཚོས་རོགས་པ་ཤུགས་ཆེན་པོ་གནང་སོང་། སྤྱིར་བཏང་ནས་དེ་མིན་པའི་དགའ་པོ་ཉེ་པོའི་ཁྲོད་ནས་སེམས་གསོ་དང་ལམ་སྟོན་གནང་མཁན་མང་པོ་ཡོད་ཅེས་བརྗོད་སོང།
ཁོང་གིས་ཕྲུ་གུ་ཚོའི་ད་ལྟའི་གནས་སྟངས་སྐོར་གསུང་དོན། སོ་སོའི་ལུང་ཚན་གསལ་བསྒྲགས་གནང་ན་འགྲིག་གི་མ་རེད་ཅེས་ཞུ་མྱོང་ལ། ངས་ངོས་ནས་ཀྱང་གནས་ཚུལ་གསལ་པོ་བྱེད་པ་མ་གཏོགས། སློབ་ཕྲུག་དོ་བདག་གི་སློབ་གྲྭ་དང་ཁྱིམ་ཚང་མིང་འབོད་བྱེད་ཀྱི་མེད། ཕྲུ་གུ་ཚོར་བསམ་ཞིབ་བྱས་ཁུལ་ཡིན། གང་ལྟར་དྷ་སྟེང་བོད་ཁྱིམ་གྱི་ཁོངས་གཏོགས་ཀྱི་སློབ་གྲྭ་དང་དེ་མ་ཡིན་པའི་སློབ་གྲྭར་ཚུད་སོང་ལ། མ་ཟད་ཕྲུ་གུ་ཚང་མའི་སློབ་ཡོན་རྡ་སྟེང་བོད་ཁྱིམ་གྱིས་གནང་གི་ཡོད་རེད། བོད་གཞུང་གིས་ངོས་ནས་ཕྲུ་གུ་ཚོར་བདག་པོ་རྒྱག་གི་ཡིན་གསུངས་པ་རེད། ཕྲུ་གུ་ཚོར་༧གོང་ས་མཆོག་དང་བོད་གཞུང་། སོ་སོའི་དགེ་རྒན་དང་ཕ་མའི་དམིགས་ཡུལ། དོ་བདག་རང་གི་མི་ཚེའི་མདུན་ལམ་ལའང་དོ་ཕོག་མི་ཤོར་བ་ཞིག་བྱེད་དགོས།དེ་ལྟར་མ་བྱུང་ཡང་སློབ་གྲྭའི་སྒྲིག་ལམ་དང་མི་འགལ་བར་མི་བཟང་པོ་ཞིག་བྱེད་རྒྱུར་ངས་སྙིང་ནས་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་ཡིན་ཞེས་གསུངས་སོང།
མ་སུ་རི་བོད་ཁྱིམ་ནས་སློབ་མ་ཚོ་ཕྱིར་ཕུད་གཏོང་དོན་ནི། དང་ཐོག་སློབ་གྲྭའི་སློབ་མ་གཉིས་ཀྱིས་འཛིན་ཁང་དུ་འཁྲིག་སྤྱོད་བྱས་པ་སློབ་གྲྭའི་འབྲེལ་ཡོད་ཀྱིས་ཤེས་རྟོགས་བྱུང་བ་དང། རྗེས་སུ་རྩད་གཅོད་བྱེད་སྐབས་བུ་མོ་དེར་དེ་སྔོན་སློབ་མ་བུ་བརྒྱུད་ལ་ལས་འབྲེལ་བྱུང་ཡོད་པས། བསྡོམས་པའི་བུ་དགུ་དང་བུ་མོ་གཅིག ཁྱིམ་ཚང་གི་ཕ་ཚབ་མ་ཚབ་གཉིས་བཅས་ཕྱིར་ཕུད་བཏང་བ་ཞིག་རེད།།
{jcomments on}