ཁ་གཏད་མེད་པའི་བཀའ་བློན་ཁྲི་པ་ཟེར་བ་གོ་མྱོང་ཨེ་ཡོད།

དེ་ཡང་སྔོན་འགྲོའི་འོས་འཕེན་སྐབས། ཕྱོགས་རེ་འགའི་འོས་གཞི་མང་པོ་ཁ་འཐོར་བ་དང་ཕྱོགས་རེ་འགའ་སྲ་བརྟན་ངང་གནས་པ་ཡིན་ན། དངོས་གཞིའི་འོས་འཕེན་སྐབས་ཁ་འཐོར་མཁན་དེ། བརྒྱ་ཆ་ཉུང་དྲགས་ནས་མི་ཁ་དང་ལ་རྒྱའི་དོན་དུ་སླར་ཡང་འོས་གཞིའི་ནངའཛུལ་ཞུགས་ཐུབ་རྒྱུ་ཤིན་ཏུ་ཁག་པོ་ཆགས་ཀྱི་རེད། དེས་ན་འོས་གཞི་སྲ་བརྟན་ངང་སྡོད་མཁན་དེ་ལ། འོས་གྲངས་བརྒྱ་ཆ་༥༡ བརྒལ་ཡོད་ན་ཁ་གཏད་མེད་པའི་བཀའ་བློན་ཁྲི་པ་ཆགས་ངེས་པ་རེད། དེར་བརྟེན་བཀའ་ཁྲིའི་འོས་གཞི་མ་འཐོར་བའི་ཆེད་དུ་ཕྱོགས་སོ་སོས་འགན་ལེན་དང་ལས་འགུལ་ག་འདྲ་སྤེལ་ན་ཡག་གི་རེད་དམ། གླེང་སློང་བ་ཙམ་ཡིན་པས། གལ་སྲིད་བགྲོ་གླེང་བ་མང་པོ་ཕེབས་ནས་ངས་རིམ་གྱིས་ཁ་གསལ་དུ་གཏོང་ངེས་ཡིན་ལ། དེ་དང་འབྲེལ་ནས་ལུང་བསྟན་ཞིག་ཀྱང་བརྒྱབ་ངེས་ཡིན་པས། བཀའ་ཁྲི་ལེགས་པར་འདོད་པ་རྣམས་ཀྱིས་བདག་གིས་གླེང་སློང་བའི་གཏམ་ལ་འཇུག་པར་བྱའོ།