དབྱར་རྩྭ་དགུན་འབུའི་རིན་གོང་ལྡབ་༤ ཙམ་འཕར་བ།

yartsagunbuབོད་ལྗོངས་ཆ་འཕྲིན་དྲ་བས་ཟླ་འདིའི་ཚེས་༢༩ ཉིན་གནས་ཚུལ་སྤེལ་བ་ལྟར་ན། བོད་ལྗོངས་ཀྱི་ས་ཁུལ་རེ་རེའི་དབྱར་རྩྭ་དགུན་འབུའི་རིན་གོང་ལྡབ་༤ ཡས་མས་འཕར་ཡོད་ཅིང། ཚོང་ར་དབྱེ་ཞིབ་པས་རིན་གོང་དེ་དབྱར་རྩྭ་དགུན་འབུའི་རིན་གོང་ཆེས་ཆེ་བའི་ཚད་དུ་སླེབས་ཡོད་པའི་ལྟ་ཚུལ་འཛིན་གྱི་ཡོད་མོད། འོན་ཀྱང་ཉེ་ལམ་དབྱར་རྩྭ་དགུན་འབུའི་སྤུས་ཀ་ལེགས་ཤོས་སུ་བརྩི་བའི་ནག་ཆུའི་དབྱར་རྩྭ་དགུན་འབུ་ཡང་བསྐྱར་ཚོང་རའི་སྟེང་བྲིན་ཁ་རྒྱུག་པོ་ཡོད་བའི་གནས་ཚུལ་བྱུང་ཡོད་པར་བལྟས་ན། མ་འོངས་པའི་དུས་ཡུན་ངེས་ཅན་ཞིག་གི་རིང་དབྱར་རྩྭ་དགུན་འབུའི་རིན་གོང་དེ་ད་དུང་མུ་མཐུད་དུ་འཕར་བའི་ངེས་པ་ཡོད་པ་རེད་ཅེས་བཀོད་འདུག

དབྱར་རྩྭ་དགུན་འབུ་ནི་བོད་ཀྱི་ས་ཆ་མང་པོར་རོང་འབྲོག་མི་མང་གི་ལོ་རེའི་ཡོང་འབབ་གཙོ་ཆེ་ཤོས་དེ་ཡིན་པས། གལ་སྲིད་དབྱར་རྩྭ་དགུན་འབུའི་རིང་གོང་དམའ་པོ་ཆགས་ཚེ་མི་མང་པོ་ཞིག་གི་འཚོའི་བའི་ཐད་དོ་ཕོགས་འགྲོ་ཡི་ཡོད་པའི་གནས་སྟངས་ཤིག་ཡིན་པ་རེད། དེར་བརྟེན་དབྱར་རྩྭ་དགུན་འབུར་བརྟེན་ནས་འཚོ་བ་རོལ་མཁན་ཚོ་ལ་མཚོན་ན་རིན་གོང་འཕར་བ་ནི་གནས་ཚུལ་ལེགས་པོ་ཞིག་ཡིན་པ་རེད།།{jcomments on}