བལ་ཡུལ་ནས་བོད་མི་འཛིན་བཟུང།

ཕྱི་ཟླ་༧ པའི་ཚེས་ ༢༦ ཉིན་གྱི་ཞོགས་པ་ཁོ་ཚོ་མི་བཞི་བོ་དེ་བལ་ཡུལ་རྒྱལ་ས་ནས་ལུག་ལ་བར་གྱི་གནམ་གྲུར་བསྡད་དེ་མཐའ་མཚམས་སུ་བསྐྱོད་ཡོད་པ་དང་། གནམ་ཐང་ནས་སྒོར་བུད་དེ་ཡུན་རིང་མ་འགོར་བར་བལ་ཡུལ་མཐའ་སྲུང་དམག་མི་གཅིག་གིས་ཁོ་ཚོའི་ནང་གི་གཅིག་ལ་སྐད་ཆ་དྲིས་ཏེ་ཁྱེད་ཚོ་ག་བར་འགྲོ་ཡི་ཡིན་ཞེས་དྲིས་ཡོད་པ་དང་། འོན་ཀྱང་བལ་ཡུལ་གྱི་སྐད་མ་ཤེས་རར་འཛིན་བཟུང་བྱས་ཡོད་འདུག། སྐབས་དེར་ཨ་མདོ་རྨ་ཆུ་ནས་ཡིན་པའི་ཕོ་གསར་དེས་དམག་མི་ཚོ་ལ་རྒྱག་རེ་བརྒྱབ་ཡོད་པར་བརྟེན་དམག་མི་ཚོས་གཅར་རྡུང་དྲག་པོ་བྱས་ཡོད་པ་དང། ཁོ་ད་དུང་ལུག་ལ་ཟེར་བའི་དམག་སྒར་དུ་བཀག་གཉར་བྱས་ཡོད་འདུག གཞན་པ་གསུམ་པོས་རྒྱག་རེ་བརྒྱབ་མེད་པའི་རྐྱེན་གྱིས་ཉིན་དེར་ཁོ་ཚོའི་ལག་གི་རྒྱ་སྒོར་དང་ཅ་ལག་ཚང་མ་འཕྲོག་འཁྱེར་བྱས་ཡོད་པ་དང། མི་གསུམ་མཐའ་སྲུང་དམག་གི་རླངས་འཁོར་དུ་བཞག་ནས་ད་ལྟ་བལ་ཡུལ་རྒྱལ་ས་རུ་ཕྱིར་ལོག་བྱས་ཡོད་འདུག
ཁོ་ཚོའི་མི་རེ་རེ་ལག་ན་རྒྱ་སྒོར་ཉིས་སྟོང་ཅན་དང་ལྔ་སྟོང་ཅན། ད་དུང་ཨ་མདོ་རྨ་ཆུ་ནས་ཡིན་པའི་མི་གཅིག་ཡོད་པ་དེའི་ལག་ན་རྒྱ་སྒོར་བདུན་སྟོང་ཡོད་པ་རེད་འདུག
གནས་ཚུལ་མཁོ་གཏོང་བ་པདྨ་བཀྲ་ཤིས། རྡ་རམས་ས་ལ་ནས།

 

{jcomments on}