སྔ་འགྱུར་མཐོ་སློབ་ཆེན་མོའི་གསལ་བསྒྲགས།
ད་ལན་དགོས་དབང་གིས་དུས་ཚེས་འགྱུར་བ་ཕྱིན་ནས་སྤྱི་ཟླ་ ༩ ཚེས་ ༣ བོད་ཟླ་ ༧ ཚེས་ ༢༥ རེས་གཟའ་པ་སངས་འཕྲོད་སྦྱོར་ཤིན་དུ་དགེ་བའི་ཉིན། ཞི་བདེའི་དེད་དཔོན་ཆེན་པོ་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དབུ་བཞུགས་ཐོག སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཕྱག་ཁྱེར་ཁག་སོ་སོའི་གནས་བབ་དང་བསྟུན་ནས་འབུལ་བའི་ཀུན་ཏུ་ཤིས་པའི་རྟེན་འབྲེལ་མཛད་སྒོ་ཐེངས་དྲུག་པ་འཛུགས་རྒྱུའི་སྐལ་བཟང་ཐོབ་པས། སྐུ་ཉིད་ཀྱིས་བཤད་གྲྭའི་མིང་གཞུང་ཨང་དང་། དབྱིན་ཡིག་ཐོག་མཚན་ཁ་གསལ། སྤྱི་ལོ་གང་ལ་འཛིན་རིམ་བཞི་པ་དང་། དྲུག་པ། དགུ་པ་བཅས་ཀྱི་རྒྱུགས་སྤྲོད་གྲུབ་འབྲས་ལག་སོན་བྱུང་བའི་སྙན་ཞུ་དང་འབྲེལ་ཕྱག་ཁྱེར་རེ་བཟོ་རྒྱའི་ཆེད་དུ་ཕྱི་བསྐྱོད་ལག་ཁྱེར་ཚད་ཅན་གྱི་འདྲ་པར་གཉིས་རེ་བཅས་བཤད་གྲྭའི་རྒྱུན་ལས་ཡིག་ཚང་དུ་བོད་ཟླ་ ༧ ཚེས་ ༡༥ སྤྱི་ཟླ་ ༨ ཚེས་ ༢༤ ལས་མ་འགྱངས་པར་ངེས་འཕྲོད་ཡོད་པ་བྱེད་རྒྱུ་དང་། གལ་ཏེ་དུས་ཐོག་ཏུ་འཕྲོད་མ་ཐུབ་ཚེ་ངེས་པར་དུ་སྤྱི་ཟླ་ ༨ ཚེས་ ༢༤ ནང་བཤད་གྲྭའི་དྲུང་ཆེ་སློབ་དཔོན་བསོད་ནམས་ཉི་མ་ལ་ཁ་པར་ཐོག་ནས་འབྲེལ་བ་བྱེད་དགོས་རྒྱུ་བཅས།
སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ཡིག་ཚང་ནས། སྤྱི་ལོ ༢༠༡༠ ཟླ་བ་ ༧ ཚེས ༣༠ ལ།
འབྲེལ་བ་གནང་ཡུལ།
Address: N.N.I Dffice
Ngagyur Nyingma Institute
P. O. Bylakuppe-671 104
Mysore Distt, Karnataka State, South India.
Contact: Lopon Sonam Nyima 0091-0-9632394601-9845509788
E-mail: nninstitute1978@yahoo.com