བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར།
བཙན་བྱོལ་བོད་མའི་ཆེའི་མཐོའི་ཁྲིམས་ཞིབ་ཁང་ནས་མེ་སོར་ས་གནས་ཁྲིམས་ཞིབ་ཁང་དུ། བོད་མའི་མང་ཚོགས་ཁྲོད་བཙན་བྱོལ་བོད་མའི་ཁྲིམས་ལུགས་སྐོར་ལ་གོ་རྟོགས་མ་ཆགས་པ་དང། ཁ་མཆུ་ཞུ་གཏུག་གི་བརྒྱུད་རིམ་གསལ་པོ་མ་ཤེས་པའི་དཀའ་ངལ་སེལ་ཐབས་སུ། ལྷོ་ཕྱོགས་གཞིས་ཆགས་ཁག་ལྔས་གཙོས་པའི་མེ་སོར་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ནས། ཁྲིམས་ལུགས་ནང་གསལ་གྱི་ཆ་རྐྱེན་ཚང་བའི་མི་གྲངས་༣༤ ལ་བཙན་བྱོལ་བོད་མའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཉིན་༡༠ རིང་སྤྲད་ཡོད་པ་རེད། ཟླ་འདིའི་ཚེས་༡ ཉིན་སྦྱོང་བརྡར་པ་༢༩ ཡིས་དུས་གཅིག་ལ་བོད་མིའི་ཁྲིམས་རྩོད་པའི་དམ་འབུལ་དེབ་སྐྱེལ་གྱིས་ཁྲིམས་རྩོད་པའི་ལག་ཁྱེར་བླངས་ཡོད་པ་རེད། ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་། ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་གྱིས་གཙོས་པའི་དབུས་དང་ས་གནས་ཀྱི་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་བཅས་མི་ལྔས་སློབ་ཁྲིད་གནང་ཡོད་པ་རེད། འདི་ནི་ཆེའི་མཐོའི་ཁྲིམས་ཞིབ་ཁང་ནས་སྤེལ་བའི་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་གཉིས་པ་དང་། སྦྱོང་བརྡར་མཇུག་གྲུབ་པའི་ཉིན་མོར་ཁྲིམས་ཞིབ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་“ད་ལྟའི་བཙན་བྱོལ་བོད་མའི་ཁྲིམས་རྩོད་པའི་ལས་འགན་ནི་མི་སེར་ཉམ་ཆུང་ལ་ཁྲིམས་ལུགས་དང་འབྲེལ་བའི་ཕན་གྲོགས་བྱེད་རྒྱུ་དེ་རེད། ང་ཚོས་མ་འོངས་པའི་ལོ་གཉིས་ཀྱི་རིང་ལ་བོད་མའི་ཁྲིམས་རྩོད་པ་༡༢༠ ཙམ་སྐྱེད་བསྲིང་བྱེད་རྒྱུའི་འཆར་གཞི་ཡོད།”ཅེས་མཇུག་བསྡོམས་གསུང་གཤད་གནང་སོང། སྦྱོང་བརྡར་བ་རྣམས་ཀྱི་མགྲིན་ཚབ་པས་“ང་ཚོས་ཁྲིམས་ལུགས་དང་འབྲེལ་བའི་གནས་ཚུལ་ཐོག་ཕན་ཐོགས་པའི་ཞབས་འདེགས་ཞུ་ཐུབ་པའི་ཡིད་ཆེས་ཡོད་ལ། རྗེས་སུ་ཡང་འདི་འདྲ་བའི་སྦྱོང་བརྡར་གྱིས་མི་མང་ཕན་ཐོགས་འདུག་”ཅེས་གསུངས་སོང།
མེ་སོར་གསར་འགོད་པས།
{jcomments on}