སྡེ་དྲུག་སྐུ་ཕྲེང་དྲུག་པ་ཁྲི་འདོན་བྱས་པ།

སྡེ་དྲུག་སྐུ་ཕྲེང་ལྔ་པ་འཇམ་དཔལ་སྐལ་བཟང་རྒྱ་མཚོ་མཆོག་ཕྱི་ལོ་༢༠༠༠ ལོའི་ཟླ་༣ ཚེས་༡༡ ཉིན་ལྷ་སར་དགོངས་པ་གཞན་དོན་དུ་གཤེགས་རྗེས། བོད་རང་སྐྱོང་ལྗོངས་མི་དམས་སྲིད་གཞུང་གིས་《བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་དོ་དམ་བྱ་ཐབས》གཞིར་བཟུང་། 《སྡེ་དྲུག་སྐུ་ཕྲེང་ལྔ་པ་འཇམ་དཔལ་སྐལ་བཟང་རྒྱ་མཚོའི་ཡང་སྲིད་བཙལ་འཚོལ་ངོས་འཛིན་ཆོག་འཐུས་ཀྱི་བཀའ་མཆན》 ཞེས་པའི་བཀའ་རྒྱ་དེའི་འོག་ནས་ཡང་སྲིད་བརྩད་འཚོལ་བྱས་པ་བརྒྱུད། ལྷོ་ཁ་དང་། ལྷ་ས། གཞིས་རྩེ་བཅས་ཀྱི་རྫོང་ཁག་༡༨ དང་ཤང་གྲོང་༩༢ ཀྱི་གྲོང་ཚོ་༧༢༠ ཙམ་ལ་བསྐྱོད་དེ་གསང་བའི་བརྟག་དཔྱད་བྱས་ཡོད་འདུག

dhedruk-onthe-throneདེ་ནས་བློ་རིག་བཀྲ་བའི་བྱིས་པ་༢༥ ཁྲོད་དུ་རྣམ་དཔྱོད་ཀྱི་ངོ་མཚར་བརྟག་པ་དང་། སྐུ་གོང་མའི་སྐུ་ཆས་ངོས་འཛིན་ཞུ་བ། མཚོ་གཟིགས་ལས་བྱུང་བའི་རྟགས་དང་མཚན་མར་བསྡུར་ཞིབ་སོགས་བྱས་ཏེ་གདམ་སྒྲུག་དང་བསྐྱར་ཞིབ་ཐེངས་མང་བྱས་པ་བརྒྱུད་བྱིས་པ་བློ་བཟང་རྡོ་རྗེ་དང་ཚེ་སྒྲུབ་རྒྱལ་མཚན་གཉིས་ནི་ལྟས་དང་མཚན་མ་མངོན་གསལ་དོད་པ་དང་། གཞན་དང་མི་འདྲ་བའི་ངོ་མཚར་ཆེ་བ་ཡོད་པས་སྡེ་དྲུག་སྐུ་ཕྲེང་ལྔ་པ་འཇམ་དཔལ་སྐལ་བཟང་རྒྱ་མཚོ་མཆོག་གི་སྐུ་གསུང་ཐུགས་གསུམ་གྱི་ཡང་སྲིད་ལ་གཏན་འཁེལ་བྱས་པ་ཡིན་ཚུལ་བོད་ལྗོངས་ཆ་འཕྲིན་དྲ་བས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༧ ཚེས་༤ ཉིན་ལྷ་སའི་གཙུག་ལག་ཁང་དུ་སྡེ་དྲུག་པའི་སྐུ་ཕྲེང་ལྔ་པའི་ཡང་སྲིད་སྡེ་དྲུག་སྐུ་ཕྲེང་དྲུག་པ་འཇམ་དབྱངས་ཤེས་རབ་དཔལ་ལྡན་ཞེས། རྒྱ་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་བསྒྲགས་པའི་རྒྱལ་མཚན་ནོར་བུས་མིང་བཏགས་པ་དང། སྐྲ་ཕུད་བླངས་པ་ཞིག་རེད།

འོན་ཀྱང་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་དང། ཆོས་བརྒྱུད་ཁག་གི་ངོས་ནས་ས་དགེ་བཀའ་རྙིང་བོན་དང་བཅས་པའི་བླ་སྤྲུལ་ཡང་སྲིད་བརྩད་འཚོལ་སྐབས། ཆོས་བརྒྱུད་སོ་སོའི་དབུ་ཁྲིད་བླ་ཆེན་རྣམ་པས་ངོས་འཛིན་ཆོག་མཆན་མེད་ན། བླ་མ་སུའི་ཡང་སྲིད་ཡིན་ཡང་སྤྲུལ་སྐུར་ངོས་འཛིན་བྱེད་པའི་ཐོབ་ཐང་མེད་པ་མ་ཟད། རྒྱ་གཞུང་གི་བཀོད་ཁྱབ་འོག་ཏུ་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་དེ་བས་ཀྱང་མེད་པའི་གསལ་བསྒྲགས་དེ་སྔོན་ནས་སྤེལ་ཡོད་པ་རེད།།{jcomments on}