བོད་མི་གཉིས་ལ་ཁྲིམས་ཆད་དང་རྒྱུ་དངོས་གཞུང་བཞེས།
ད་ལྟའི་བར་དུ་ལྷ་སའི་བཙོན་ཁང་ཞིག་ཏུ་བཀག་ཉར་འདྲི་གཅོད་ཚད་ལས་བརྒལ་བ་བྱས་པ་དང། ལོ་གཉིས་ལྷག་རིང་ཁོང་གི་ནང་མི་སུ་ལ་ཐུག་འཕྲད་བྱེད་བཅུག་མེད་པ་རེད། འདི་ལོའི་ཕྱི་ཟླ་༦ པའི་ཚེས་༢༦ ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་རྡོ་རྗེ་བཀྲ་ཤིས་ལ་དུས་ངེས་མེད་ཀྱི་ཁྲིམས་ཐག་དང། ད་དུང་རྒྱ་ནག་གཞུང་གིས་རྒྱུ་དངོས་ཕོན་ཆེ་ཡོད་པ་ཚང་མ་གཞུང་བཞེས་བྱས་པའི་གསལ་བསྒྲགས་བྱས་ཡོད་འདུག ད་དུང་ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་དང། ཁོ་བཀག་ཉར་བྱས་པའི་ལོ་ངོ་གཉིས་ཀྱི་རིང་ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་བཟོ་གྲྭ་ཞིག་ཏུ་ལས་ཀ་བྱེད་བཅུག་ཡོད་འདུག །