བཀའ་ཁྲི་གནང་འདོད་ཡོད་པའི་བུད་མེད་ཅིག

བཀའ་བློན་ཁྲི་པ་གསར་པ་ཞིག་སླེབས་པ་དང། སྲིད་ཇུས་ལ་འགྱུར་བ་འགྲོ་རྒྱུ་མ་རེད་མོད། ཕྱག་ལས་གནང་སྟངས་དང། འགྲོ་སྟངས་མང་པོ་ལ་འགྱུར་བ་འགྲོ་སྲིད་པ་རེད་ལ། འགྱུར་བ་འགྲོ་རྒྱུ་དེ་རང་བཞིན་ལྟ་བུ་རེད། ང་ལ་མཚོན་ན་མི་ཚེ་གཅིག་ལ་འཐབ་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་ལས་ཀ་བྱེད་མཁན་ཞིག་ཡིན་སྐོར་གསུངས་སོང།

དེ་བཞིན་ཁོང་བཀའ་བློན་ཁྲི་པར་འོས་འདེམས་བྱུང་ན། ནུས་པ་ཆེ་ཤོས་གང་ལ་འདོན་ཐུབ་སྐོར་གསུང་དོན། མང་གཙོའི་སྒྲོམ་གཞིའི་ནང་འཛིན་སྐྱོང་གི་ལས་ཀ་ལོག་ཀ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཀ་ཁྲིམས་བཟོ་དང། གཞུང་གི་ལས་ཀ་བྱེད་ཕྱོགས་ལ་རྟོགས་ཞིབ་བྱེད་རྒྱུ་དེ་རེད། སྲིད་ཇུས་གཏན་འབེབས་གྲོས་ཚོགས་ཀྱིས་བྱེད་ཀྱི་ཡོད་པ་དང། ལག་བསྟར་འཛིན་སྐྱོང་གིས་བྱེད་ཀྱི་ཡོད་པས། སོ་སོ་ལ་མཚོན་ན་ལོ་བཅུ་དྲུག་ལྷག་ལ་རྟོགས་ཞིབ་བྱེད་མཁན་བྱས་ནས་བསྡད་པར་བརྟེན། རང་བཞིན་གྱིས་དོན་དག་མང་པོའི་ཐོག་རང་ནུས་འདོན་ཐུབ་པ་ཡོང་གི་རེད་ཅེས་གསུངས་སོང།

ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་བཀའ་བློན་ཁྲི་པར་བཞེངས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་བ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཀའ་ཁྲིར་བཞེངས་རྒྱུའི་གསར་འགོད་གསལ་བསྒྲགས་གནང་བ་ཐོག་མ་དེ་ཆགས་ཡོད་པ་རེད། མུ་མཐུད་གསར་འགོད་གསལ་བསྒྲགས་ཐོག་གི་དྲི་བ་དྲིས་ལན་རྣམས་འགོད་རྒྱུ་ཡིན།

{jcomments on}