འོས་བསྡུའི་འུར་ཟིང་དང་ཉེན་ཁ།
བཀའ་ཁྲི་ཡི་འོས་བསྡུའི་འུར་ཟིང་དང་གཡོ་འཕྲུལ།
བཙན་བྱོལ་མི་མང་གི་བསམ་པའི་འཁོར་ཕྱོགས་ལ་བལྟས་ན་ད་ཐེངས་བཀའ་ཁྲི་དེ་བློ་བཟང་སེང་གེ་དང་བཀྲས་མཐོང་གང་རུང་ལ་ཐོབ་པ་གསལ་པོ་རེད།འོན་ཀྱང་བཙན་བྱོལ་ནང་གི་ཆབ་སྲིད་པ་གྲགས་ཅན་མང་པོ་ཞིག་གིས་རང་ལ་བཀའ་ཁྲི་ཡི་འོས་མི་ཐོབ་པའི་ངེས་པ་རྙེད་ཟིན་ན་ཡང་།ད་དུང་མངོན་གསལ་དང་མངོན་གསལ་མིན་པའི་ཐོག་བཀའ་ཁྲི་ཡི་དྭང་བླངས་འོས་མི་རུ་ལངས་ཀྱིན་འདུག་ལ།ད་དུང་ཁ་ནས་རྩ་དོན་དང་ལ་རྒྱ་གླེང་བཞིན་མི་ཚོགས་ཁྲོད་དངོས་སུ་འཛུལ་ནས་འོས་ཤོག་སློང་པ་དང་ཉོ་བ་འཕྲོག་པ་སོགས་གང་ཐུབ་ཅི་ཐུབ་བྱེད་བཞིན་འདུག དེ་ནི་ལྐུགས་པའི་ཨུ་ཚུགས་གཏན་ནས་མིན་པར་གྲུབ་འབྲ་སཆེན་པོ་ཞིག་གི་ཆེད་དུ་རེད།
་རང་ཉིད་ཀྱིམཐུན་ཕྱོགས་ཀྱི་མི་དེ་བཀའ་ཁྲིར་བསྙེགས་ན་་རང་ལ་བཀའ་བློན་གྱི་གོ་གནས་སྤྲོད་སྲིད་པ་འམ་སྤྲོད་པའི་ཁ་ཐོག་བྱས་རྗེས།རང་ཉིད་ཀྱི་མཐུན་ཕྱོགས་ཀྱི་འོས་མི་ཡི་ཁ་གཏད་ཀྱི་འོས་མི་དེའི་འོས་ཤོག་གི་ཁ་གྲངས་ཁ་འཐོར་གཏོང་པའི་སླད་དུ་གཞན་གྱི་གདོང་ལྤགས་གཅིག་གོན་ནས་མི་ཚོགས་ཁྲོད་འཁྲབ་སྟོན་དེ་འགོ་འཛུགས་པ་རེད་ལ།བྱ་ཐབས་འདྲ་མིན་གྱི་འོས་ཀྱི་སློང་མོ་ཡང་བྱས་པ་རེད།
སྤྱི་འཐུས་འོས་བསྡུའི་འུར་ཟིང་དང་ཉེན་ཁ།
ཚོགས་པ་འདྲ་མིན་དང་ཤོག་ཁག་ལུང་ཚན་སོགས་ཁུངས་འདྲ་མིན་ནས་རང་གི་ལྟ་བ་ལངས་ཕྱོགས་མཐུན་པ་རྐྱང་འདེམས་སྒྲུག་གི་འོས་མི་གསལ་སྟོན་བྱས་སོང་ལ།ཁ་ཤས་རང་ཉིད་ལ་ལྷག་བསམ་དང་འཇོན་ཐང་ཡོད་མདོག་་གིས་རང་ཉིད་ཁྲོམ་བསྒྲགས་བྱས་ནས་སྤྱི་འཐུས་ཀྱི་འགྲན་རྩོད་བྱས་སོང་།ཁ་ཤས་ཀྱིས་གོ་སྐབས་དེ་དམ་འཛིན་གྱི་རང་དང་ཁ་གཏད་ཀྱི་ཚོགས་སྡེ་དང་ཤོག་ཁག་དག་གི་ཆིག་སྒྲིལ་དང་ནུས་ཤུགས་ཡོད་ཚད་དུམ་བུ་གཏོར་སླད་མི་ཚོགས་ཁྲོད་འཛུལ་ནས་དངུལ་དངོས་དང་དབང་ཤུགས་ཀྱིས་འོས་ཉོ་བ་དང་འཕྲོག་པ་སོགས་བྱེད་བཞིན་འདུག ད་དུང་ཡང་མུ་མཐུད་ནས་གཅིག་གི་ཁ་གཏད་ན་གཅིག་གིས་འོས་མི་འདོན་པ་དང་སྤྱི་ཚོགས་འདྲ་ཁྲོད་བརྒྱུད་སྐུལ་སོགས་བྱ་ན།བསམ་ཚུལ་མི་མཐུན་པར་ཇེ་མང་སོང་ཏེ།ཤོག་ཁག་དང་ཤོག་ཁག་གྱེས།དུམ་བུ་དང་དུམ་བུར་གྱེས།མཐར་ཆིག་སྒྲིལ་གྱི་ནུས་པ་ཡོངས་སུ་ཉམས་ནས་སྤྱི་ཚོགས་ཁ་འཐོར་དགུ་འཐོར་ཆགས་པའི་རྟགས་མངོན་ཡོང་གི་འདུག ད་དུང་འོས་ཤོག་ཁ་འཐོར་དུ་སོང་ནས་འོས་ཐེངས་མང་བླུག་དགོས་པ་ཡང་མི་ཆགས་པའི་ངེས་པ་མི་འདུག
དེས་ན་ཁ་ནས་རྩ་དོན་དང་༧གོང་ས་མཆོག་བཀའ་ཞེས་མ་ཎི་བཞིན་སྒྲོག་པའི་ཆབ་སྲིད་པ་དག་གིས་གནད་དོན་ཆུང་ཚགས་ཀྱི་ཆེད་དུ་སྤྱི་ཚོགས་ཁྲོད་ལམ་ངན་པ་མ་བསྟན་རོགས།ང་འོདེ་བཞིན་མང་ཚོས་ཀྱི་ངོས་ནས་ཀྱང་ཆབ་སྲིད་པ་སྐབས་འཚོལ་བ་ཚོའི་ཁ་ལ་བལྟས་རྐྱང་མིན་པར་རྒྱབ་ལྗོངས་ལ་བལྟས་་ནས་འགུལ་བསྐྱོད་རེ་བྱ་རོགས་ཞུ།