བོད་ཀྱི་རྒྱལ་དར་རིས་ཅན་གྱི་རླངས་འཁོར་བཟོ་བཀོད།

toyotaསྐུ་ཞབས་ཁཱལ་ཇོན་སི་ཡིས་ཕ་ཡུལ་དྲ་རྒྱར་འགྲེལ་བརྗོད་གནང་བ་ལྟར་ན། བོད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པའི་མི་གྲངས་སྟོང་ཕྲག་གི་མདུན་དུ་ངོ་སྤྲོད་བྱེད་པའི་ཐབས་ལམ་ཡག་པོ་ཞིག་ཡིན་པའི་སྐོར་དང། ད་དུང་ཁོང་གིས་གློག་ཀླད་ཀྱི་ནང་དུ་ཇུས་འགོད་བྱས་པ་དེ་རྩེ་ཕུད་བཅུའི་གྲས་སུ་འཛུལ་ཞུགས་ཐུབ་ཚེ་དངོས་སུ་མི་མང་ཁྲོད་དུ་མང་ཚོགས་ཀྱིས་དགའ་མོས་ཆེ་ཆུང་གི་འོས་འདེམས་བྱེད་པའི་མཐའ་མའི་འགྲན་སྡུར་ནང་དུ་ཞུགས་ཐུབ་རྒྱུ་དང། མཐའ་མའི་རྒྱལ་ཁ་ཐོབ་མཁན་གྱི་བཟོ་བཀོད་དེ་ཊོ་ཡོ་ཊ་ནཱ་སི་ཁར་རླངས་འཁོར་རྒྱུག་འགྲན་བྱེད་པའི་རླངས་འཁོར་གྱི་ཐོག་ཏུ་དངོས་སུ་ཚོན་མདོག་དེ་བཀོད་ནས། ལོ་འདིའི་ལོ་མཇུག་ཏུ་འགྲན་སྡུར་དངོས་གཞིའི་སྐབས་སུ་ཨ་རིའི་ཨེ་རི་ཛོ་ན་མངའ་སྡེའི་གྲོང་ཁྱེར་ཧྥོ་ནེག་སེ་རུ་བཤམས་སྟོན་བྱེད་རྒྱུ་རེད་འདུག

(འོས་ཤོག་འཕེན་སའི་ཁ་བྱང།) http://www.sponsafier.com/#/gallery/view/356094

རླངས་འཁོར་བཟོ་བཀོད་ཀྱི་བརྒྱུད་རིམ་ནང་དུ། སྡེ་ཚན་བཅུ་ནས་རླངས་འཁོར་གྱི་བཟོ་བཀོད་བཅུ་རེ་བྱས་ནས་རླངས་འཁོར་གྱི་བཟོ་བཀོད་༡༠༠ ཡོད་པ་དེ་རྣམས་ལ་མི་མང་གིས་དྲ་རྒྱའི་བརྒྱུད་འོས་ཤོག་འཕེན་དགོས་ཀྱི་ཡོད་པ་དང། འོས་ཤོག་འཕེན་པའི་དུས་ཚོད་དེ་ཡང་ཉིན་༡༡ ལས་ལྷག་མེད་པ་རེད། གལ་སྲིད་བོད་རང་བཙན་ཞེས་པའི་བཟོ་བཀོད་དེར་རྒྱལ་ཁ་ཐོབ་པ་ཡིན་ན། བརྙན་འཕྲིན་གྱི་བརྒྱུད་ལམ་ཁག་ཏུ་ཐོན་རྒྱུ་མ་ཟད། དེའི་སྐོར་ལ་བགྲོ་གླེང་ལ་སོགས་པ་བྱེད་རྒྱུའི་ཚོད་དཔག་གནང་གི་ཡོད་པ་རེད་འདུག

གནས་ཚུལ་འདི་ལྟ་བུའི་རིགས་ལ་བོད་མི་ཚོའི་ངོས་ནས་དོ་སྣང་བྱེད་དགོས་པ་དང། དེ་ལ་རྒྱབ་སྐྱོར་བྱས་ནས་མཐའ་མའི་རྒྱལ་ཁ་འཐོབ་ཐབས་བྱ་རྒྱུ་ནི་གལ་ཆེན་པོ་ཞིག་རེད་ལ། བོད་མི་རྣམས་ཀྱིས་ངེས་པར་དུ་འོས་ཤོག་འཕེན་དགོས་པ་ཞིག་ཆགས་ཡོད་པ་རེད།།{jcomments on}