ལ་དྭགས་སུ་ཆུ་ལོག་གནོད་འཚེ་བྱུང་བར་ཞལ་འདེབས་བསྡུ་རུབ།
དེ་ཡང་འབྲེལ་ཡོད་གོ་སྒྲིག་པས། ལ་དྭགས་ནང་ཆུ་ལོག་བྱུང་ནས་ཡུལ་མི་དང་བོད་ཀྱི་གཞིས་ཆགས་ཁག་ལ་གནོད་འཚེ་ཆེན་པོ་བྱུང་ཡོད་པས། དང་ཐོག་ཚོགས་པ་༥ ལྷན་འཛོམས་ཀྱིས་གོ་བསྡུར་བྱས་ཡོད་པ་དང། མཐར་ཉིན་གྲངས་འགའི་རིང་ཞལ་འདེབས་བསྡུ་རུབ་བྱེད་རྒྱུ་དང་བསྔོ་སྨོན་གོ་སྒྲིག་བྱེད་གཏན་འཁེལ་ཡོད་པ་རེད། དེ་བཞིན་ཞལ་འདེབས་ག་ཚོད་བྱུང་ན་ཚང་མ་གནོད་འཚེ་ཕོག་ཁུལ་དུ་འབྱོར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་བྱུང།།{jcomments on}