དཔའ་བོ་རོང་རྒྱས་ཨ་གྲགས།
ཁ་སང་ཟླ་༨་ཚེས་༡་ཉིན་རོང་རྒྱས་ཨ་གྲགས་ལགས་ འཛིན་བཟུང་བྱས་ནས་ལོ་གསུམ་ཧྲིལ་པོར་འཁོར་བའི་སྐབས་དང་བསྟུན། ཁོང་གློད་གྲོལ་དགོས་པའི་ལས་འགུལ་ཞིག་རྒྱལ་སྤྱིའི་ཁྱོན་ཡོངས་ནང་སྤེལ་ཡོད་པ་ དང༌། ཉིན་དེར་ཁོང་གིས་༢༠༠༧།༨།༡་ཉིན་མི་ཚོགས་དབུས་སུ་གཏམ་བཤད་བྱེད་བཞིན་པའི་བརྙན་ པར་དུམ་བུ་ཞིག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡོངས་ཁྱབ་འགྲེམ་སྤེལ་ བྱས་ཡོད་པ་རེད།
་་་་་་་་་་་་དེ་ཚོ། འུ་ཚོར་བྱུང་ཚར་ལེ་རེད་ད། (གོང་གི་འཕྲོས་ཏེ། ང་ཚོར་བྱུང་ཚར་བ་རེད་ཅེས་པའི་དོན) ཚང་མས་ཨི་གོ་གི། ཨི་གོ་ཁི། (ཚང་མས་ཤེས་དགོས་པ་དང་བརྗེད་དུ་མེད་པའི་དོན) ཡོད་རྒུ་མེད་རྒུ་ཨི་གོ་ཁི། (ཡོད་དོ་ཅོག་དང་འདྲ) འུ་ཚོར་བྱུང་ཚར་ལེ་རེད། ཨི་གོ་ཁི། ད་འུ་ཚོར་གཟུགས་པོའི་སྒང་ལ་འགྲོ་མ་བསྡད་ཕྱིན། ད་ཁོག་པའི་ནང་སྙིང་ཁ་ཡོད་ལེ་མ་རེད། ཨི་ཤེས་ཁི། འོ་ཡ། (ཕྱི་གཟུགས་པོ་དེ་ཡར་ལངས་ནས་འགྲོ་བ་ཙམ་མ་གཏོགས་དོན་ངོ་མ་ནང་གི་རང་དབང་དང་ ཐོབ་ཐང་གང་ཡང་མེད་པའི་དོན) ཡ། ད་དེ་རིང་ཁ་སྩང་རྒྱལ་བ་བཞིན་ནོར་བུ་མི་དགོས་ཟེར་མཁན་ཡོད་ནི་རེད། ད་ཆི་ཡེད་ཀོ་རེད། (དཔེ་སྲིད་ཀྱི་མ་རེད་ཟེར་བའི་དོན) རྒྱལ་བ་ཡིད་བཞིན་ནོར་བུ་ནི་བོད་མི་ས་ཡ་ དྲུག་གི་ངོ་མ་གཅིག་གི་་་་་་་། མཆན་དེ་ཚོ་འགྲིག་མིན་གཟིགས་རོགས།
གོང་གི་བརྙན་འཕྲིན་དུམ་བུ་དེ་ནི་ཁོང་འཛིན་ བཟུང་མ་བྱས་སྔོན་གྱི་སྐར་མ་ཁ་ཤས་ནང་གི་གནས་ཚུལ་ཞིག་ཡིན་ལ། སྤྱིར་རོང་རྒྱས་ཨ་གྲགས་ཀྱིས་དེ་ལྟར་བྱས་ཡོད་མེད་རྩོད་གཞི་གང་ཡང་མེད་པས་དཔང་ རྟགས་ལྟ་བུར་དགོས་གལ་མ་ཆེ་ཡང༌། བརྙན་འཕྲིན་དེ་ལས་གང་ཞིག་མཐོང་ཐུབ་པ་ནི། ཁོང་གིས་དེ་འདྲའི་གཏམ་བཤད་བྱེད་པའི་སྐབས་ངོ་གདོང་གི་རྣམ་འགྱུར་ལས་སྐྲག་སྣང་ སྤུ་ཙམ་མངོན་གྱི་མེད་པ་དེ་རེད། དེར་བརྟེན་ངས་ཁོང་ནི་དུས་རབས་ཉེར་གཅིག་པའི་བོད་ནང་གི་དཔའ་བོ་ངོ་གནོང་མི་ དགོས་པ་ཞིག་རེད་ཅེས་བརྗོད་འདོད་བྱུང༌།
མཐར་དོན་༢༠༠༧་ལོར་རོང་རྒྱས་ཨ་གྲགས་ཀྱི་འབོད་ སྒྲ་འདི་ཡིས་ཆོལ་གསུམ་བོད་མི་གཉིད་ལས་སད་དེ་༢༠༠༨་ལོར་བོད་ཆོལ་ཁ་གསུམ་ཀྱི་ ཁྱོན་ན་ཡར་ལངས་ཞི་རྒོལ་ཆེན་མོ་དེ་བྱུང་བ་རེད་ཅེས་ཤོད་མཁན་ཡང་ཡོད་པ་རེད།