འབྲུག་ཆུ་རྫོང་དུ་མི་ཤི་ཚད་ཀྱི་གྲངས་ཀ་འཕར་བ།
འོན་ཀྱང་ཚེས་༩ དགོང་མོར་བསྡུས་པའི་ཀན་སུའུ་ཞིང་ཆེན་དྲིལ་བསྒྲགས་སྡེ་ཚན་གྱིས་གསར་འགྱུར་དྲིལ་བསྒྲགས་ཚོགས་འདུའི་ཐོག་ཏུ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་གི་དྲུང་ཆེ་ཁྲིན་ཅན་ཧཱ་ཟེར་བས། ཚེས་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་བར་དུ་འབྲུག་ཆུའི་ཆུ་ལོག་གི་གནོད་འཚེ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་༣༣༧ ཟིན་ཡོད་པར་བསྒྲགས་འདུག ད་དུང་སྡོམ་རྩིས་རག་ཙམ་བྱས་པ་ལྟར་ན། ཆུ་ལོག་གི་གནོད་འཚེ་དེ་ཤང་དང་གྲོང་བརྡལ་གཉིས་དང། སྲིད་འཛིན་སྡེ་པ་བཅུ་ལ་འབྲེལ་བ་ཡོད་པ་དང་། དེའི་ནང་དུ་སྡེ་བ་དྲུག་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད། ཕྱོགས་སོ་སོས་སྟོབས་ཤུགས་ཡོད་དགུ་བཏོན་ནས་ཆུ་ལོག་གི་གནོད་འཚེ་ཐེབས་པའི་མང་ཚོགས་༡༢༤༢ བསྐྱབས་ཐུབ་ཀྱང། མི་༡༡༤༨ སྔར་བཞིན་གར་སོང་ཆ་མེད་དུ་གྱུར་པར་ཕྱིར་བསྒྲགས་བྱས་འདུག །
{jcomments on}