རྣམ་གྲོལ་གླིང་གི་གསལ་བསྒྲགས།

ལྷག་དོན་དུ་༸སྐྱབས་རྗེ་ཞིང་གཤེགས་དམ་པས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་འདི་ཉིད་དུ་ཐོག་མར་འཛུལ་ཞུགས་གནང་སྐབས་རབ་ཏུ་བྱུང་བའི་སྡོམ་པ་ཞུས་ཟིན་པའམ་ཞུ་འདོད་ཡོད་པ་ཞིག་དགོས་པ་ཐོག་མའི་ཆ་རྐྱེན་དུ་བཞག་གནང་ཡོད་པ་དང་། དེ་བཞིན་དུ་ཕྱག་ཁྱེར་བཞེས་པའི་སྐབས་སྡོམ་ལྡན་ཡིན་པའི་མཚོན་བྱེད་དུ་ཆོས་གོས་མནབས་ནས་དམ་བཅའ་འབུལ་དགོས་པ་སོགས་རྒྱུ་མཚན་དུ་མ་ལ་བརྟེན་ནས། ད་ལན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་དབུ་བཞུགས་ཐོག་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐབས་ཕྱག་ཁྱེར་ཁག་བཞེས་ཆེད་འདི་ག་ལས་ཁུངས་སུ་འདྲ་པར་ཕུལ་ཟིནའང་། ད་ཆར་དགེ་ཚུལ་སློང་གི་སྡོམ་ལྡན་མིན་ཚེ་ཕྱག་ཁྱེར་འབུལ་རྒྱུ་མིན་པ་མ་ཚད་སུ་ལའང་དམིགས་བསལ་མེད་པས། དེ་ལུགས་བཞིན་ཐུགས་འཇགས་གནང་བ་ཞུ།
སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ཡིག་ཚང་ནས། སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༠ ཉིན་ལ།