ལ་དྭགས་དང་འབྲུག་ཆུའི་གོད་ཆག་ལ་བསྔོ་སྨོན་ལས་འགུལ།
དེ་བཞིན་ཟླ་འདིའི་ཚེས་༡༡ ཉིན་མོན་གྷོ་ས་གནས་གཞོན་ནུ་དང་བུད་མེད་ཀྱི་མཉམ་རུབ་གྱིས་གོ་སྒྲིག་འོག་སྔ་ཕྱིར་ལ་དྭགས་སླེ་ཁུལ་དང་མདོ་སྨད་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གོད་ཆག་ཚབས་ཆེན་བྱུང་བ་སོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་གཞིས་གྲོང་ཁག་དགུ་ནས་མི་མང་བསྡུ་བསྐོང་ཐོག་ས་གནས་གཞོན་ནུའི་ཚོགས་ཁང་དུ་མཉམ་འཛོམས་ཀྱིས་བསྔོ་སྨོན་སྐྱབས་འཇུག་གི་ལས་འགུལ་ཞིག་ཀྱང་སྤེལ་སོང་། མོན་གྷོ་གསར་འགོད་ཐུབ་བསྟན་བཀྲ་ཤིས་ཀྱིས།