མི་རབས་གསར་པའི་བཀའ་སྤྱི་དགོས་ཟེར།

ཚོགས་པ་འདིའི་ཚོགས་གཙོ་ངག་དབང་འོད་འབར་གྱིས། བཙན་བྱོལ་སྤྱི་ཚོགས་ནང་ནས་གཞོན་སྐྱེས་ཚོའི་འགན་ཁུར་ནས་ལས་དོན་བྱེད་དགོས་པ་དང། བཀའ་སྤྱིའི་འོས་བསྡུའི་ནང་དུ་གཞོན་སྐྱེས་ཚོའི་ནང་ནས་ངས་བྱེད་ཀྱི་ཡིན་ཞེས་སླེབས་མཁན་དགོས་ཀྱི་འདུག གལ་སྲིད་བྱེད་ཐུབ་ཀྱི་མེད་ནའང། གཞོན་སྐྱེས་ཚོའི་འགན་ཁུར་བའི་ཐོག་ནས་ལས་ཀ་བྱེད་ཐུབ་མཁན་ཞིག་བསྐོས་དགོས་ཀྱི་འདུག  བོད་ནང་གི་གཞོན་སྐྱེས་ཚོའི་འགན་ག་ཚོད་ཁུར་གྱི་འདུག དེ་ལ་མིག་དཔེ་བལྟ་དགོས་ཀྱི་འདུག་ཅེས་ཚོགས་འདུའི་དམིགས་ཡུལ་ངོ་སྤྲོད་གནང་ཡོད་པ་རེད།
དེ་བཞིན་གཏམ་བཤད་བྱེད་མཁན་ཚོའི་ཀྱང། གཞོན་སྐྱེས་ཚོས་འགན་ཁུར་དགོས་པ་དང། དེང་དུས་དང་མཐུན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐབས། བཙན་བྱོལ་ནང་གི་རྙོག་གྲ་རྙིང་པ་དང། ཁྱིམ་ཚང་བར་གྱི་རྙོག་གྲ་ལ་མགོ་མི་འཁོར་བར་དྲང་བདེན་ངང་བོད་སྤྱིའི་ལས་དོན་བྱེད་རྒྱུ་གལ་ཆེན་ཡིན་པས། དེའི་ཕྱོགས་ལ་གཞོན་སྐྱེས་ཚོ་གུ་ཡངས་པོ་ཡོད་སྐོར། དེ་བཞིན་གཞོན་སྐྱེས་ཚོ་ཡར་སླེབས་ཡོང་སྐབས་སྤྱི་ཚོགས་ནང་ནས་གནོན་ཤུགས་སྤྲད་པ་སོགས་ཀྱིས་ལས་དོན་ལ་དཀའ་ངལ་བྱུང་རྐྱེན་ཡིན་སྐོར་གསུངས་སོང།།