ཀན་སུའུ་ལུང་ནན་གྲོང་ཁྱེར་དུ་ཆུ་ལོག་གི་གནོད་འཚེ།
མི་ཉེར་གསུམ་གར་སོང་མེད་པར་ཆགས་པ། མི་༢༩༥ ལ་རྨས་སྐྱོན་ཕོག་ཅིང། མི་༡༢༢༨༣༥ ཙམ་མྱུར་སྐྱོབ་བྱེད་དགོས་ཁེལ་ཡོད་འདུག ལོ་ཏོག་སྤྱི་ཆིངས་ཁྲི་གསུམ་ལ་གནོད་འཚེ་ཐེབས་པ་དང། ཁང་པ་༦༠༩༠ ཙམ་བརྡིབས་པ་དང་ཁང་པ་༡༥༢༢༣ ལ་གནོད་སྐྱོན་ཐེབས། གཞན་ད་དུང་གཞུང་ལམ་དང་གློག་ཤུགས་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པའི་གནས་ཚུལ་སྤེལ་འདུག །
{jcomments on}