རྒྱ་ནག་གི་འཁྱོག་བཤད་ལ་ངོ་རྒོལ།

རྒྱ་གཞུང་གིས་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་དེའི་ནང་དུ་ཕོ་བྲང་པོ་ཏཱ་ལའི་ནང་ནས་ཁྱེར་ཡོང་བའི་དངོས་རྫས་མང་པོ་ཞིག་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་སྐོར་ལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་དང། བོད་དེ་རྒྱ་ཁོངས་ཡིན་པའི་འཁྱོག་བཤད་བྱེད་ཀྱི་ཡོད་པར་བརྟེན། ཐའེ་ཝན་བོད་རིགས་ཚོགས་པ་དང། ཐའེ་ཝན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་པ་ཚོགས་བཅས་ཀྱིས་མཉམ་སྦྲེལ་གྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

གཞན་ཡང་འགྲེམས་སྟོན་དེའི་ནང་དུ་འགྲེལ་བཤད་བྱེད་མཁན་ནི་ཚང་མ་རྒྱ་མི་རྐྱང་རྐྱང་མ་གཏོགས་བོད་པ་གཅིག་ཀྱང་མེད་པ་མ་ཟད། ཤོག་བུའི་ཏག་སེའི་རྒྱབ་ཏུ་བོད་ཀྱི་ལྷ་བླ་མའི་སྐུ་པར་ཡོད་པ་དང། ཐ་ནག་གི་ཐལ་བ་རྡེབ་སའི་ཐལ་ཕོར་གྱི་སྒང་ལ་བོད་ཀྱི་ལྷ་ཡི་སྐུ་བརྙན་བྲིས་པ་སོགས་ཡོད་པ་རེད་འདུག ལས་འགུལ་བ་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་ཆོག་མཆན་མི་རག་པར་བརྟེན། ཆོག་མཆན་མ་ཞུས་པར་ངོ་རྒོལ་བྱས་རྐྱེན་ས་གནས་དེའི་སྐོར་སྲུང་བས་ལས་འགུལ་མུ་མཐུད་སྤེལ་བཅུག་མེད་པ་རེད།།

{jcomments on}