གདོང་དམར་བོད་མི་ཡོངས་ཀྱི་བྱོ་སྲོག

འཛམ་གླིང་ཟླུམ་པོ་འདི་ནང།། ཁྱེད་དང་འདྲ་བ་མི་འདུག།། འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི།། བྱ་དགའ་ཡོངས་རྫོགས་བླངས་སོང།། ད་ལོ་བཙན་བྱོལ་གཞུང་གི། སྐུ་ཡི་འཁྲུངས་སྐར་ཉིན་ལ།། རྟེན་འབྲེལ་བཟང་པོའི་འཚམས་འདྲི།། ཕྱོགས་བཞི་མཚམས་བརྒྱད་བྱེད་སོང།། མཁའ་ཁྱབ་སེམས་ཅན་ཡོངས་རྫོགས།། སྐུ་ཡི་འཁྲུངས་སྐར་ཉིན་ལ།། བཀའ་དྲིན་དྲན་གསོ་བྱེད་ནས།། འཚམས་འདྲི་མེ་ཏོག་ཕུལ་སོང།། ཁྱེད་ཀྱི་བྱམས་རྩེ་མཐུས་ཀྱི།། སེམས་པའི་ཐིག་ལེ་དཀྱིལ་ནས།། སྡུག་བསྔལ་དབང་མེད་གྲོལ་ནས།། དགའ་སྐྱིད་དཔལ་རོལ་སོང།། གནོད་པའི་འཚེ་བ་སྤང་ནས།། བྱམས་པའི་སྲོག་བསླུ་བྱེད་ནས།། ཤི་གསོན་སྒོ་ཁར་སླེབས་པའི།། དུད་འགྲོ་བདེ་གནས་བཀོད་སོང།།