ཀྲུའུ་ཝེ་ཆོན་དང་གངས་ཅན་བླ་མ་གཉིས་ཐུག་འཕྲད་བྱས་པ།
ཟླ་འདིའི་ཚེས་༢༠ ཉིན་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཞེས་པའི་དྲ་བ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཀྲུའུ་ཝེ་ཆོན་ས་སྐྱ་རྫོང་ཁོངས་ཀྱི་ས་སྐྱ་དགོན་དུ་ཡོང་ཞིང་། རྒྱ་གཞུང་གི་ཆོས་ལུགས་ལས་ཁུངས་ཀྱི་གཙོ་འཛིན་ཝང་ཙུའོ་ཨན་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་འཐུས་མི་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཀརྨ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་བཅས་ཀྱི་འགྲོ་རོགས་འོག་ས་སྐྱ་དགོན་དུ་སླེབས་ཤིང། རྒྱ་ནག་གི་ས་ཆ་གང་སར་འཚམས་འདྲིར་སྐྱོད་བཞིན་པའི་རྒྱལ་ཁོངས་ཨི་ཊ་ལིར་གཏོགས་པའི་བོད་རིགས་སྤུན་ཟླ་གངས་རྒྱན་སྤྲུལ་སྐུ་དང་གངས་རྒྱན་དགོན་པའི་དགེ་འདུན་པ་རྣམས་ཀྱིས་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་འདུག
མཛད་སྒོ་དེའི་ཐོག་ཏུ་གངས་རྒྱན་སྤྲུལ་སྐུ་ཡིས་ཀྲུའུ་ཝེ་ཆུན་སོགས་ལ་དྲི་མེད་ཀྱི་ལྷ་རྫས་ལེགས་སྐྱེས་སུ་ཕུལ་བ་རེད། གངས་རྒྱན་དགོན་པའི་འདུ་ཁང་གི་མདུན་རིའི་ལྡེབས་ངོས་སུ་ཀྲུའུ་ཝེ་ཆུན་དང་གངས་རྒྱན་སྤྲུལ་སྐུ་སོགས་ཀྱིས་ཐུན་མོང་གིས་གསོམ་སྡོང་གཉིས་འདེབས་འཛུགས་བྱས་ཤིང་། གསོམ་སྡོང་གཅིག་གིས་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཡར་རྒྱས་གོང་འཕེལ་མཚོན་པ་དང་། ཡང་གསོམ་སྡོང་གཅིག་གིས་སངས་རྒྱས་བསྟན་པ་དར་ཞིང་རྒྱས་ལ་དགེ་མཚན་ཕྱོགས་བཅུར་རྒྱས་པའི་རྟེན་འབྲེལ་མཚོན་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག །
{jcomments on}