བོད་མིའི་དཀའ་ངལ་སེལ་ཐབས་ཡིན་ཞེས་གསུངས་འདུག
དེ་ཡང་ཟླ་འདིའི་ཚེས་༡༨ ཉིན་པིར་སི་ཊར་སི་ཊི་ཨིན་ཌི་ཡ་ Press Trust of India. བརྒྱུད་ལམ་ནས་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་། ཨ་རི་གཞུང་གི་མི་འབོར་དང་སྐྱབས་བཅོལ་བའི་སྡེ་ཚན་རྟོག་ཞིབ་ལས་ཁང་གི་དྲུང་ཆེའི་ལས་རོགས་སྐུ་ཞབས་སི་ཆི་ཝར་རྫི་རྣམ་གཉིས་ཐུག་འཕྲད་ཀྱི་བཀའ་མོལ་ཞིག་གནང་ཡོད་པ་དང། སྐབས་དེའི་ཚོགས་འདུ་མ་འཚོགས་པའི་སྔོན་དུ་སྐུ་ཞབས་སི་ཆི་ཝར་རྫི་མཆོག་གིས་གསར་འགོད་པར། “ངའི་ལས་དོན་འདི་སྐྱབས་བཅོལ་བའི་གནས་བབས་དང་། དེ་དང་འབྲེལ་ནས་དཀའ་ངལ་ཅན་གྱི་གནས་བབས་ཡར་རྒྱས་གཏོང་ཕྱོགས་ཡིན་པས། ཨ་རིའི་གཞུང་ངོས་ནས་དེ་དག་ལ་རྒྱབ་སྐྱོར་གྱིས་དགོས་མཁོ་བསྐྲུན་རྒྱུ་དང། རྒྱལ་སྤྱིའི་ཚོགས་པ་ཁག་བརྒྱུད་ནས་རོགས་པ་བྱེད་ཀྱི་ཡོད་པ་རེད། བོད་པའི་སྐྱབས་བཅོལ་བ་ལ་ཆ་མཚོན་ན། དེ་དག་གནས་ཡུལ་ས་ཁུལ་ཁག་ཏུ་དཀའ་ངལ་མང་དུ་འགྲོ་བཞིན་ཡོད་པས། ངས་དཀའ་ངལ་དེ་དག་གི་ཐད་ལ་གྲོས་བསྡུར་མང་དུ་བྱེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་”ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད།།
{jcomments on}