འཇར་མན་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།

སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་རྣམ་གཉིས་སྐུ་མགྲོན་གཙོ་བོ་ཡིན་པ་དང། མཛད་སྒོ་གོ་སྒྲིག་གནང་མཁན་གྱི་ཚོགས་པ་(Frende Fur Einen Frrund) ཞེས་པ་དེ་ཡིན་པ་རེད།

འཁྲུངས་སྐར་སྲུང་བརྩིའི་སྐབས་འཇར་མན་ཕྱི་སྲིད་གཞུང་ཚབ་ལས་ཁུངས་ཀྱི་གནད་ཡོད་མི་སྣ་དང་། ཇར་མན་བཟོ་གྲྭ་ཁག་གི་འགན་འཛིན་སོགས་ཀྱང་ལྷན་ཞུགས་གནང་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་སྐུ་ཞབས་རཱོ་ལན་ཀོ་ཤི་མཆོག་གིས། “དེ་རིང་རྣམ་པ་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་འཁྲུངས་སྐར་གྱི་དགའ་སྟོན་མཛད་སྒོར་མཉམ་ཞུགས་གནང་བ་འདིས། བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་པོ་མཚོན་བཞིན་ཡོད། མཛད་སྒོ་འདི་རྒྱ་ཕྱོགས་ནས་ལྟ་བཞིན་ཡོད་པ་མ་ཟད། བོད་ནང་དུ་བོད་མི་ཚོས་ཀྱང་ལྟ་བཞིན་ཡོད། ང་ཚོས་གཙིགས་ཆེར་འཛིན་པའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་སོགས་པའི་ལྟ་གྲུབ་རྣམས། བོད་ལྟ་བུའི་ས་ཁུལ་ནང་དུའང་ལག་བསྟར་ཡོང་རྒྱུར་ང་ཚོས་རྒྱབ་སྐྱོར་ཞུ་དགོས་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་གནས་པའི་སྨོན་ལམ་ཡོད་”ཅེས་གསུངས་འདུག

བོད་གཞུང་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་གསུང་དོན། “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་དང་བཟོད་བསྲན། འཚེ་མེད་ཞི་བ། ཕན་ཚུན་གུས་བརྩི་བཅས་ད་ལྟ་ང་ཚོའི་དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་འདིར་དམིགས་བསལ་གལ་གནད་ཆེན་པོ་ཆགས་ཡོད། ༧གོང་ས་མཆོག་གིས་དུས་རྟག་ཏུ་མི་རྣམས་ཕན་ཚུན་ཧ་ཅང་གཅིག་ལ་གཅིག་རྟེན་དགོས་པའི་དུས་སྐབས་འདིར། ཀུན་ཁྱབ་འགན་ཁུར་གྱི་བསམ་བློ་གཏོང་དགོས་སྐོར་གྱི་བཀའ་སློབ་དེས་འཛམ་གླིང་ནང་མཚན་སྙན་ཧ་ཅང་ཐོབ་ཡོད་”ཅེས་སོགས་གསུང་བཤད་གནང་ཡོད་པ་རེད།།{jcomments on}