རྒྱ་ནག་གི་སྐྱོན་བརྗོད་ལ་རྒྱ་གར་གཞུང་གི་ལན་འདེབས།

དེ་ཡང་ཕྱི་སྲིད་བློན་ཆེན་མཆོག་གིས། རྒྱ་གར་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དེ། དུས་ཡུན་རིང་པོའི་ནང་སྲ་བརྟན་འགྱུར་མེད་ངང་གནས་ཡོད་པ་དང།  ༧ཏཱ་ལའི་བླ་མ་མཆོག་ནི་ཆེས་གུས་བཀུར་འོས་པའི་རྒྱ་གར་ནང་གི་སྐུ་མགྲོན་ཡིན་པ་མ་ཟད། རྒྱ་གར་གྱི་མི་མང་ས་ཡ་མང་པོ་ཁོང་གི་ཆོས་ཀྱི་རྗེས་སུ་འབྲང་གི་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།
༧གོང་ས་མཆོག་གིས་རྒྱལ་ཁབ་ག་འདྲ་ཞིག་གི་དབུ་འཁྲིད་དང་མཇལ་འཕྲད་གནང་ནའང། རྒྱ་ནག་གཞུང་གིས་ངོ་རྒོལ་དང་སྐྱོན་བརྗོད་མེད་པ་ཧ་ལམ་མེད་པ་དང། དམིགས་སུ་བཀར་ནས་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་དང། བོད་མི་སྐྱབས་བཅོལ་བ་གནས་ཡུལ་རྒྱ་གར་གཞུང་བཅས་ཀྱིས། བོད་དོན་ལ་རྒྱབ་སྐྱོར་དང་༧གོང་ས་མཆོག་དང་ཆེས་མཐོའི་དཔོན་རིགས་ཚོའི་དབར་མཇལ་འཕྲད་གནང་ན། འཛམ་གླིང་མི་མང་དང་རྒྱ་མི་རིགས་རྣམས་མགོ་འཐོམ་ཆེད་དུ། རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་འཁྱོག་བཤད་སྣ་ཚོགས་བྱེད་བཞིན་ཡོད་པ་རེད།།

{jcomments on}