བོད་མི་རྣམས་ནི་ཕྱུགས་ཟོག་ལྟ་བུ་རེད།
ཕ་མ་དང་སྤུན་ཟླ་སོགས་ལ་ཕྱིར་མིག་ཙམ་ལས་ཚིག་གཅིག་བཤད་པའི་དབང་ཆ་མི་སྟེར། རི་དང་རྩྭ་ཆུ་སོགས་ལ་དྲི་མ་སྣོམ་པ་ཙམ་ལས་ཁམ་གང་ཟ་བའི་དུས་ཚོད་མི་སྟེར། ཁྱིམ་མི་རྣམས་ཀྱིས་ཀྱང་མིག་ཆུ་འཞུར་བ་ལས་ངོ་རྒོལ་བྱེད་ཐབས་བྲལ། དེས་མི་ཚད་ང་ཚོའི་རྩྭ་ཐང་ནི་ས་ནག་ཐང་ལ་བསྒྱུར་བ། ང་ཚོའི་རྫ་ཆུ་དྭངས་མ་ནི་འདམ་ཆུ་ནག་པོར་བསྒྱུར་སོང་།
ང་ཚོ་ནི་གློ་བུར་དུ་གསོད་འདོད་ན། མནར་གཅོད་བྱེད་འདོད་ན། གནས་གཞན་ལ་བདའ་འདོད་ན། གང་ཞིག་བྱེད་འདོད་ན་བདག་པོ་དེའི་དབང་དུ་ཡོད། ང་ཚོ་ནི་ཅི་འདྲའི་སྙིང་རྗེ་ལའང་།