བལ་ཡུལ་དུ་གནམ་གྲུ་བརྡབ་སྐྱོན།

དེ་ཡང་དེང་སྐབས་ས་གནས་གང་སར་ཆར་ཤུགས་ཆེ་བ་དང། རི་བོ་ཇོ་མོ་གླང་མ་དང་ཉེ་བའི་སར་དབྱར་དུས་སུ་ཆར་སྤྲིན་མང་པོ་འཐིབ་ཀྱི་ཡོད་པས། འགྲུལ་སྐྱེལ་གནམ་གྲུ་འགྲོ་མཁན་ཧ་ཅང་ཉུང་ཉུང་ཡོད་པ་དང། ཕྱི་རྒྱལ་གྱི་མི་༦ དང་དེ་མིན་ཡུལ་སྐོར་སྤྲོ་འཆམ་བ་ཁག་གཅིག མྱུར་བསྐྱོད་གནམ་གྲུ་ཆུང་ངུ་གླས་ནས་འཕུར་བསྐྱོད་བྱེད་སྐབས། ཆར་སྤྲིན་གྱིས་གནམ་ལམ་བཀག་ནས་གནམ་གྲུ་ཤིང་ནགས་སུ་ལྷུང་ཡོད་པ་དང། དེང་སྐབས་ཐད་འཕུར་གནམ་གྲུ་བཏང་ནས་མགྲོན་པ་ཚོ་ཤི་གསོན་གང་བྱུང་ཡོད་མེད་འཚོལ་ཞིབ་བྱེད་བཞིན་ཡོད་ཀྱང། ད་ལྟའི་བར་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད།