བོད་རྒྱལ་ཡོངས་ཚོགས་ཆེན།

ཚོགས་ཞུགས་པ་མི་གྲངས་སུམ་བརྒྱ་ལྷག་ཡོད་པ་དང། གྲོས་གཞི་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་དང། མང་གཙོ་དང་ཤེས་ཡོན་འཕེལ་རྒྱས། གཞིས་ཆགས་སྲ་བརྟན་ཡོང་ཐབས་སོགས་ཀྱི་སྐོར་ཡིན་པ་རེད། དེ་བཞིན་ཐེངས་འདིར་བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གྲ་སྒྲིག་ཆེད་ཚོགས་པ་ཁག་དང་མི་སྒེར་བ་སོགས་ཀྱིས་འོས་མི་འདྲ་མིན་ཁྱབ་བསྒྲགས་དང། བགྲོ་གླེང་བྱེད་འཆར་ཡོད་པ་དང། ལོ་ལྔ་བཅུ་འཁོར་བའི་མང་གཙོའི་དུས་དྲུན་དམིགས་བསལ་གོ་སྒྲིག་ཡོད་པ་སོགས་ཀྱིས་ས་གནས་དེ་འཁྲུག་ཆ་དོད་པོ་ཆགས་ཡོད་པ་རེད།། མེ་སོར་གསར་འགོད་པས།