ཨ་ཡ ་ཡ ། ང་ཚོ།
ད།
ང་ཚོར་མི་ག་ཚོད་འདུག།
མེད།
ནད་པ་དང་སྐྱོན་ཅན་ལས་ལྷག་མེད།
བྱིས་པ་དང་རྒན་པ་ལས་ལྷག་མེད།
ང་ཚོའི།
དཔའ་བོ་ནི་གཅིག་རེ་ནས་གཉིས་རེ་བསད།
ང་ཚོའི།
མཁས་པ་ནི་གཅིག་རེ་ནས་གཉིས་རེ་བཟུང་།
ང་ཚོའི།
སྐད་ཡིག་ནི་ཉིན་རེ་ནས་ཉིན་རེ་འགྱུར།
ང་ཚོའི།
ལུགས་སྲོལ་ནི་ལ་ཁའི་ཉི་ཟེར་ལྟར་གྱུར།
ང་ཚོས།
ཅི་ཞིག་ལ་རང་སའི་སྟེང་ནས་རང་ཁ་གསོ་མི་ཆོག་པ་རེད།
ང་ཚོས།
ཅི་ཞིག་ལ་རང་གི་ཡུལ་ལྗོངས་སྲོང་སྐྱོབ་ངྱས་མི་ཆོག་པ་རེད།
ང་ཚོས།
ཅི་ཞིག་ལ་རང་འདོད་རང་མོའི་ལས་ཀ་བྱེད་མི་ཆོག་པ་རེད།
ང་ཚོར།
ཅི་ཞིག་ལ་གཞན་དག་ལྟ་བའི་རང་དབང་མེད་པ་རེད།
ང་ཚོར།
ཅི་ཞིག་ལ་འགྲོ་བ་མི་ཡི་ཐོབ་ཐང་མེད་པ་རེད།
འདི་དག་ནི།
ང་ཚོ་བོད་མིའི་ཆགས་སྒོ་ཆེས་ཆེ་བ་དེ་དག་མ་རེད་དམ།