ཡིད་སྐྱོའི་གནས་ཚུལ།

jampal_gyatso1ཟླ་འདིའི་ཚེས་ ༢༧ ཉིན་སེར་བྱེས་ཧྲེ་ཧོར་ཁམས་ཚན་གྱི་གྲྭ་དགེ་སློང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དགེ་བཤེས་འཇམ་དཔལ་རྒྱ་མཚོ་མཆོག་མཆོག་ནི་ ༡༩༣༣ ལོར་བྲག་གཡབ་མ་དགོན་ཁོངས་གཏོགས་ཡར་ཤོད་གྲོང་ཡུལ་སྟགས་ཚུང་དུ་སྐུ་འཁྲུངས། དགུང་ལོ་དྲུག་ནས་སློབ་གཉེར་འགོ་འཛུགས་ཀྱིས་བོད་དབུས་སུ་ཕེབས་སྟེ་རྭ་སྟོད་གྲྭ་ཚང་དུ་སློབ་གཉེར་གནང། རྗེས་སུ་སེར་བྱེས་ཧྲེ་ཧོར་ཁང་ཚན་དུ་སྐྱོར་དཔོན་གནང་། ༡༩༥༩ ལོར་རྒྱ་གར་དུ་ཕེབས་ནས་སྦགས་ས་ཆོས་སྒར་དང་སྦེལ་ཀོབ་སེར་བྱེས་ཆོས་སྒར་དུ་གཞུང་བཀའ་པོད་ལྔ་ལ་གསན་བསམ་གྱིས་དགེ་བཤེས་དམ་འཇོག་གནང་ཞིང་། ལོ་མང་རིང་གྲྭ་ཚང་གི་སྲི་ཞུ་སོགས་གནང་མྱོང་བ་རེད། རྣམ་རྒྱུན་ནས་དགེ་བཤེས་མཆོག་ཕྱི་རྒྱལ་དུ་ཕེབས་རྒྱུའི་གོ་སྐབས་རྙེད་ཀྱང་ཕེབས་ཀྱི་མེད་པ་དང་། འཚོ་བ་མཐའ་གཉིས་སུ་མ་ལྷུང་བའི་ངང་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་ཞལ་འདོད་མང་པོ་གསུངས་ནས་བཞུགས་ཀྱི་ཡོད་པ་རེད། ཉེ་ཆར་ཟླ་འདིའི་ཚེས་༡༨ ཉིན་སྙུང་གཞི་ཞིག་གི་རྐྱེན་པས་དགོངས་པ་རྫོགས་ནས་ཉིན་དགུ་ཕྱིན་ཟིན་ན་ཡང་ད་དུང་ཐུགས་དམ་ལ་བཞུགས་ཡོད་པ་འདི་ནི་ང་ཚོ་ནང་སངས་རྒྱས་པའི་ཆོས་ཀྱི་ངོ་མཚར་བའི་ཁྱད་ཆོས་ཞིག་ཡིན་པས་གནས་ཚུལ་མཁོ་སྤྲོད་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང།། མེ་སོར་གསར་འགོད་པས།

{jcomments on}