གཞིས་ཆགས་སྲ་བརྟན་གནས་ཐབས།

གཞིས་ཆགས་ནང་སྡོད་མཁན་ཚོས་བཤད་དོན་གཙོ་བོ་ས་གནས་འགོ་འཛིན་རྣམས་པ་ཚོ་ས་གནས་ས་ཐོག་ནས་མིན་དུས་ས་གནས་ཀྱི་ལུང་པའི་སྐད་མ་ཤེས་པ་དང་། ས་གནས་ཡུལ་མི་དང་འབྲེལ་བ་བྱེད་མི་ཤེས་པའི་དཀའ་ངལ་ཡོད་པས། དྭངས་ཟུར་དང་དེ་འདྲ་མིན་པར་ས་གནས་རང་ནས་གོ་ཆོད་མི་སྣ་བྱུང་ན་ཡག་པོ་ཡོད་ས་རེད། དེ་བཞིན་བསམ་ཚུལ་མང་ཤོས་དེ་གཞིས་ཆགས་ལ་གཞོན་སྐྱེས་གནས་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ཧ་གོ་བའི་ཆེད་ཉམས་ཞིབ་བྱེད་ཐུབ་ན་ཡག་པོ་འདུག སྔོན་མ་གཞིས་ཆགས་ཀྱི་ཐོབ་ཐང་ཡོད་པ། རྗེས་སུ་ནང་མི་མང་པོ་ཕྱི་རྒྱལ་ལ་ཕྱིན་ནས་སྟོང་བ་ཡིན་པས་བོད་ནས་གསར་དུ་འབྱོར་བ། གཞིས་ཆགས་སུ་འདུག་འདོད་ཡོད་པ་ཚོར་ཐོབ་ཐང་ཞིག་སྤྲད་པ་ཡིན་ན་མ་འོངས་པའི་གཞིས་ཆགས་སྲ་བརྟན་ལ་ཕན་ཐོགས་ས་འདུག་ཅེས་གསུངས་སོང་།

རང་དབང་ལ་ས་གནས་འཐུས་མིའི་ཚོགས་གཙོ་ཨོ་རྒྱན་ཚེ་དབང་གིས།  གཞིས་ཆགས་སྲ་བརྟན་ཡོང་བ་ལ་གཙོ་བོ་གཞིས་ཆགས་ནང་གནས་མཁན་གྱི་མི་རྣམས་ལ་བསམ་བློ་སྲ་བརྟན་ཞིག་དགོས་ཀྱི་འདུག བསམ་བློ་ལྷིང་འཇགས་ཡོང་དགོས་ཀྱི་འདུག ང་ཚོ་རོགས་ཚོགས་གཞན་ལ་བརྟེན་མང་དྲག་པའི་རྐྱེན་ཀྱིས་སྲ་བརྟན་མི་ཐུབ་དཀའ་ངལ་བྱུང་བ་རེད་བསམ་གྱི་འདུག་ཅེས་གསུངས་སོང། མེ་སོར་གསར་འགོད་པས།

{jcomments on}