ངས་གཞན་ལ་ལག་པ་བརྐྱངས། ངའི་བྱིས་པས་གཞན་ལ་ཁ་གདངས་བ།

 

 

བོད་གཞུང་དེའི།

རྒྱལ་ཁབ་ནི་རྒྱ་ནག་གིས་བཙན་བཟུང་བྱེད་པ་མ་ཟད།

ད་དུང་།

ང་ཚོ་སྐྱབས་བཅོལ་བ་ནས་བུ་ཕྲུག་ཀྱང་སྐྱབས་བཅོས་བར་ཆགས།

དེ་དག་གི་བུ་རྒྱུད་དེ། ཚ་བུ་ཚ་མོ་ཀྱང་སྐྱབས་བཅོས་བར་འགྱུར།

ཁོང་ཚོར་མི་སེར་གྱི་ཐོབ་ཐང་ཡང་མེད་པ་མ་ཟད།

ད་དུང་།

མི་རབས་ནས་མི་རབས་བར་དུ་དཀའ་སྡུག་མྱོང་དགོས་སོང་།

བུ་ཕྲུག་ཚོས།

ས་ནག་འདོམ་ལ་འཇལ་ནས་ས་མཐར་འགྲིམ་དགོས་པ་རེད།

གཞན་གྱི

བུ་ཕྲུག་དགའ་ཞིང་སྤྲོ་བའི་རྩེད་མོ་ལ་རོལ་བཞིན་བའི་ཚེ།

ང་ཡི་བྱིས་པར་དྲི་ནག་སོར་གང་ཆགས་ནས་སྡུག་བསྔལ་མྱངས།

དེ་མིན།

ཡ་ཁར་སྣབ་ལུད་འདོམ་གང་དྲུད་ནས་གཞན་ལ་ཁ་གདངས།

སྐབས་དེའི་སུ།

གཞན་གྱི་བུ་ཕྲུག་རྣམས་ཀྱིས་ཁོང་ཚོར་ཇི་ལྟར་ལྟ།

གཞན་གྱི་བྱིས་པ་འདི་དག་གིས།

ང་ཚོའི་བྱིས་པ་ཚོར་བདག་རྒྱག་གི་རེད་དམ།