དགུ་བཅུ་གསུམ་ཚོགས་པའི་བཀའ་སྤྱིའི་འོས་གཞི།
དངོས་སུ་བཀའ་ཁྲིའི་འོས་ཁོངས་སུ་ཞུགས་བློ་ཡོད་མཁན་བཀའ་བློན་ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ་དང། མཁས་དབང་བློ་བཟང་སེང་གེ
དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མིའི་ནང་དངོས་སུ་ཞུགས་བློ་ཡོད་མཁན་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བུ་མོ་ཚེ་རིང་དང། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་བཅས་དང་།
མདོ་སྨད་སྤྱི་འཐུས་ཀྱི་འོས་མིར་ཞུགས་བློ་ཡོད་མཁན་སྤྱི་འཐུས་ལས་ཐོག་ཀིརྟི་སྒྲོལ་དཀར་ལྷ་མོ་དང། དབུ་མའི་ལམ་གསར་ཤོག་གི་རྩོམ་སྒྲིག་པ་རྨོག་རུ་བསྟན་པ། ས་རཱའི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་། དགུ་བཅུ་གསུམ་དཔེ་དེབ་རྩོམ་སྒྲིག་པ་ལྷ་ཆབ་སྦྱིན་པ་བཅས་རེད།
མདོ་སྟོད་སྤྱི་འཐུས་ཀྱི་འོས་མིར་ཞུགས་བློ་ཡོད་མཁན་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་ཟུར་པ་བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་དང། སྤྱི་འཐུས་ལས་ཐོག་པ་ཆོས་སྐྱོང་དབང་ཕྱུག དབུས་གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས། དབུས་གཞོན་ནུའི་ཚོགས་གཞོན་ལས་ཐོག་པ་དོན་གྲུབ་ལྷ་དར། དགུ་བཅུ་གསུམ་ཚོགས་གཙོ་ངག་དབང་འོད་འབར། དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཟུར་པ་དབྲ་ཕྲུག་ཚེ་རིང་བདེ་སྐྱིད་བཅས་སུ་མང་མོས་བྱུང་བའི་གསལ་བསྒྲགས་སྤེལ་འདུག །
{jcomments on}