བཀའ་ཁྲིའི་འོས་གཞིའི་བགྲོ་གླེང།
བགྲོ་གླེང་གོ་སྒྲིག་བྱེད་མཁན་ནི། མང་གཙོ་གོང་སྤེལ་ཆེད་ན་གཞོན་དང་བླངས་ཞེས་པའི་རུ་ཁག་དང། ཕ་ཡུལ་དྲ་རྒྱ་མཉམ་འབྲེལ་གྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང། བགྲོ་གླེང་བ་རྣམས་ནི། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང། ཚོགས་གཞོན་རྒྱ་རི་སྒྲོལ་མ། མཁས་དབང་བློ་བཟང་སེང་གེ་བཅས་ཡིན་པ་རེད།
དེ་བཞིན་ཚེས་༡༡ རེས་གཟའ་སྤེན་པའི་སྔ་དྲོའི་ཆུ་ཚོད་༡༠ པའི་ཐོག་དྷ་ས་བོད་གཞུང་ཟློས་གར་ཚོགས་ཚོགས་ཁང་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག བཀའ་ཁྲིའི་འོས་གཞི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། མཁས་དབང་བློ་བཟང་སེང་གེ་གཉིས་གདན་ཞུས་ཀྱིས་༢༠༡༡ ལོའི་བཀའ་ཁྲིའི་བགྲོ་གླེང་ཆེན་མོ་ཞེས་པ་ཞིག་ཀྱང་འཚོག་རྒྱུ་ཡིན་པ་རེད།།
{jcomments on}