བཀའ་ཁྲིའི་འོས་མིའི་བགྲོ་གླེང་ཆེན་མོ།
ཐེངས་འདིར་སྔར་དང་མ་འདྲ་བའི་མི་ཧ་ཅང་འབོར་ཆེན་འབྱོར་ཡོད་པ་དང། ཟློས་གར་ཚོགས་ཁང་ནང་དུ་མ་ཤོང་ནས། ཕྱི་ལོག་ཏུ་མི་ཧ་ཅང་མང་པོ་བསྡད་ཡོད་པ་རེད། དྷ་སར་ཆབ་སྲིད་བགྲོ་གླེང་གི་ཐོག་ཏུ་མི་འཛོམས་མང་ཤོས་ཤིག་ཀྱང་ཆགས་འདུག
བགྲོ་གླེང་དེ་དྷ་སར་གནས་སྡོད་ན་གཞོན་དྭངས་བླངས་པ་ཁག་ཅིག་དང། ཕ་ཡུལ་དྲས་རྒྱ་གཉིས་ཀྱིས་གོ་སྒྲིག་བྱས་པ་དང། བསྟན་ནོར་network ནས་འགྲོ་སོང་བཏང་ཡོད་པ་རེད། ནོར་ཝེ་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ཡོད་པ་རེད།
མུ་མཐུད་དུ་བགྲོ་གླེང་ཐོག་གི་གཏམ་བཤད་རྣམས་འགོད་རྒྱུ་ཡིན།