རྒྱ་གར་ལ་ཉེན་ཁ་ཆེ་བའི་རྒྱ་ནག

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་༡༢ ཉིན་ཀུ་ལུ་ཁུལ་དུ་ཧི་མ་ཅལ་མངའ་སྡེའི་བློན་ཆེན་པི་རེམ་ཀུ་མར་དྷུ་མལ་གྱིས་ཉེ་བའི་རྒྱ་དཀར་ནག་གཉིས་བར་གནད་དོན་མང་པོ་ཞིག་གི་ཐོག་ཕན་ཚུན་བར་ལབ་གླེང་མང་པོ་བྱུང་བ་དང། དེ་བཞིན་དེ་སྔོན་ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་མི་ཞིག་ལ་རྒྱ་ནག་གིས་ཐོངས་མཆན་མ་སྤྲད་པ། རྒྱ་གར་གྱི་སྲིད་བློན་མངའ་སྡེ་དེའི་ནང་ཕེབས་སྐབས་རྒྱ་ནག་གིས་ངོ་རྒོལ་བྱས་པ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་བྱས་པ་མ་ཟད། རྒྱ་ནག་གིས་དེང་སང་བོད་ནང་དུ་རྒྱ་གར་གྱི་གྲོང་ཁྱེར་ཁག་ཅིག་ལ་དམིགས་པའི་མེ་ཤུགས་འཕུར་མདེལ་ཆེད་འཛུགས་བྱས་པ་ཤེས་རྟོགས་བྱུང་སྐོར་འགྲེལ་བརྗོད་གནང་འདུག  དེ་བཞིན་ཁོང་གིས་རྒྱ་ནག་གིས་བོད་ནང་དུ་གནམ་ཐང་དང་། མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་བྱེད་བཞིན་པའི་སྐོར་དང། རྒྱ་གར་གཞུང་གིས་ཧི་མ་ཅཱལ་མངའ་སྡེའི་ནང་རྒྱལ་སྤྱིའི་གནམ་ཐང་ཞིག་གསར་སྐྲུན་དགོས་པ་དང་། དེ་ནི་ཡུལ་སྐོར་སྤྲོ་འཆམ་དང། རྒྱལ་སྲུང་གི་ཐད་གནད་འགག་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་འདུག །

{jcomments on}