ངའི་སྐུ་གོང་མས་སིངྒ་པོར་བཅངས་པའི་མཛའ་བརྩེ་ཡིན་ཟེར།

བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཐུག་འཕྲད་དེའི་སྐབས་རྒྱལ་མཚན་ནོར་བུས། དེ་རིང་གི་ང་ཚོའི་མཇལ་འཕྲད་འདི་ནི་ངའི་སྐུ་ཚེ་གོང་མས་སིངྒ་པོར་བཅངས་པའི་མཛའ་བརྩེ་ཟབ་མོའི་ལས་འཕྲོ་ཡིན་ལ། མ་འོངས་པར་རྒྱ་ནག་དང་སིངྒ་པོར་རྒྱལ་ཁབ་གཉིས་ཀྱི་ནང་བསྟན་ལས་རིགས་ཕན་ཚུན་བར་མཉམ་ལས་དང་འབྲེལ་འདྲིས་ཟབ་མོ་བྱེད་པའི་འགོ་རྩོམ་ས་གལ་ཆེན་ཞིག་ཀྱང་ཡིན་ཞེས་བརྗོད་འདུག

fackpenchen2ཡཱང་རོང་ཝུན་གྱིས། ད་ལྟ་སིངྒ་པོར་ནས་བོད་ལྗོངས་སུ་འགྲོ་མཁན་ཡུལ་སྐོར་བ་ཧ་ཅང་མང་བས། ངས་བལྟས་ན་གནས་དེ་ཇེ་ལེགས་ནས་ཇེ་ཡག་ཏུ་འགྱུར་བཞིན་ཡོད་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ཡང་ཧ་ཅང་མགྱོགས། ང་དང་སིངྒ་པོར་གྱི་ནང་བསྟན་སྤྱི་ཁྱབ་ཚོགས་པས་ཁྱེད་ཉིད་སིངྒ་པོར་དུ་ཕེབས་པར་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཞུས་རྒྱུ་ཡིན་ལ། རྒྱ་ནག་དང་སིངྒ་པོར་གཉིས་ཀྱིས་ནང་བསྟན་གྱི་མངའ་ཁོངས་སུ་འབྲེལ་འདྲིས་དང་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་བར་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་རེ་བ་ཞུ་ཞེས་བརྗོད་ཡོད་འདུག

དེ་བཞིན་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འགན་ལྕོགས་སུ་བཞེས་པའི་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དང་། རྒྱལ་ནང་གི་ནང་བསྟན་ལས་རིགས་ཁག་གི་མི་སྣ། རྒྱ་ནག་ཏུ་གནས་སྡོད་སིངྒ་པོར་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཁྲེན་ཞི་རོན་སོགས་ལ་ཐུག་འཕྲད་བྱས་ཡོད་རེད་འདུག །

{jcomments on}