དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་འཐུས་དྭངས་བླངས་པ།
དེ་རྗེས་ཟླ་ཤས་རིང་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་རིག་གཞུང་ཉམས་ཞིབ་པའི་ཕྱག་རོགས་དང་། ཞོར་ལ་ཕྱི་རྒྱལ་མི་སྣ་མང་པོར་བོད་ཡིག་སློབ་ཁྲིད་ཞུས། ༡༩༨༠ ལོ་ནས་༡༩༩༢ བར་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར་རྡ་ས་བོད་ཁྱིམ་སློབ་གྲྭར་བོད་ཡིག་དགེ་རྒན་དང། ༡༩༩༣ ལོ་ནས་༡༩༩༨ བར་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་ཆེ་བར་བོད་དགེའི་ཞབས་འདེགས་ཞུས་ཡོད།
༡༩༩༩ ལོ་ནས་༢༠༠༣ བར་རྫོང་ཆོས་གནས་ལྔའི་བསྟི་གནས་སློབ་གྲྭ་དང་། ༢༠༠༤ ལོར་སེར་བྱེས་འབྲིང་རིམ་སློབ་གྲྭར་བོད་ཡིག་སློབ་ཁྲིད་ཞུས་པ་དང་། ཞར་ལ་ཕྱི་རྒྱལ་མི་སྣ་མང་པོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཞུས་ཡོད། ད་ལྟ་མོན་གྷོ་འདོད་རྒུ་གླིང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་རྣམས་ལ་བོད་ཀྱི་རིག་གཞུང་དང་། བརྡ་སྤྲོད་སྐོར་རང་གིས་གང་ཤེས་སློབ་ཁྲིད་བྱེད་བཞིན་པ་ཡིན། ད་བར་སྤྲུལ་སྐུ་དང་སེར་སྐྱ་སློབ་ཕྲུག་གྲངས་༣༥༠༠ ཉེ་བ་ལ་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་སློབ་ཁྲིད་མི་དམན་ཙམ་ཞུས་ཡོད།
གཞུང་འབྲེལ།
བོད་གཞུང་ཤེས་རིག་ལྷན་ཁང་དང་རྒྱ་གར་གཞུང་ཤེས་རིག་ལྷན་ཁང་ཁྱབ་ཁོངས་དབུས་བོད་སློབ་འཛིན་ཚོགས་(CTSA, Delhi, Under the Ministry of HRD, Govt. of India)
བཀའ་འབྲེལ་༢༠༠༥།༦།༢༠ ནས་༢༠༠༨།༦།༢༣ བར་ཌལ་ཧོར་བོད་གཞུང་གཏན་འཇགས་སློབ་གྲྭའི་བོད་རིགས་སློབ་སྤྱི་ (Rector, CST, Dalhousie H.P) ལྷག་བསམ་རྣམ་དག་ཞུས་པ་དང། དེ་རྗེས་༢༠༠༨ ལོའི་ཟླ་༦ ཚེས་༢༣ ནས་༢༠༡༠ ལོའི་ཟླ་བ་༦ ཚེས་༡༦ བར་མོན་གྷོ་བོད་གཞུང་གཏན་ཉིན་སློབ་གྲྭའི་བོད་རིགས་སློབ་སྤྱི་(Rector, CST, Mundgod(Karnataka) ལས་འཁུར་ཆོད་གན་རྫོགས་མཚམས་བར་སློབ་གྲྭའི་ཕྱི་ནང་གསང་གསུམ་སྤྱི་དང་། ལྷག་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་ཞུས་ཡོད། ༡༩༩༢ ལོར་རྡ་ས་ས་གནས་འཐུས་མི་ཚོགས་འདུའི་ཚོགས་མི་དང་དྲུང་ཡིག་ཆེན་མོའི་ཞབས་འདེགས་ཞུས་པ་ཡིན། (Member-cum- secretary, Tibetan Legislative Assembly, Dharamsala H.P) དེ་མཚུངས་༡༩༩༩ ལོ་ནས་༢༠༠༤ བར་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གི་ས་གནས་འཐུས་མི་ཚོགས་འདུའི་ཚོགས་མི་དང་དྲུང་ཡིག་ཆེ་མོ་ལོ་ངོ་ཧྲིལ་པོ་དྲུག་རིང་ཞབས་འདེགས་ལྷག་བསམ་རྣམ་དག་ཞུས་ཡོད། (Member-cum- secretary, Tibetan Legistive Assembly, Hunsur Rabgyeling, Karnatake)
གཞུང་འབྲེལ་མིན་པ། (NGO)
༡༩༨༠ lo ནས་༡༩༩༨ བར་རྡ་ས་བོད་ཁྱིམ་དང་སྤེལ་ཀོབ་བོད་ཁྱིམ་དུ་དགེ་རྒན་ལས་ཞོར་ལ་སློབ་གྲྭའི་རིག་གཞུང་ཚོགས་ཆུང་། སྒྲིག་འཛུགས་ཚོགས་ཆུང་། ལས་བྱེད་བདེ་དོན་ཚོགས་ཆུང་ཁག་གི་དྲུང་ཡིག་ཆེན་མོ་དང་ཚོགས་གཙོའི་ལས་འགན་ཧུར་ཐག་ཞུས་ཡོད། ༡༩༩༨ ལོ་ནས་༢༠༠༣ བར་ཧུན་སུར་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ལོ་ངོ་དྲུག་རིང་མང་ཚོགས་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་བཏང་བར་གྲུབ་འབྲས་ཀུན་གྱིས་བསྔགས་འོས་སུ་གྱུར་པ་ཞུས་ཁུལ་ཡིན།
དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་དྭང་བླངས་ཞུ་དགོས་དོན།
༡༽ ད་ལྟ་བོད་ཀྱི་གནས་སྟངས་ཆགས་འཇིགས་སྐབས་འདིར་མང་ཚོགས་ནང་ཤེས་ཡོད་དགོས་པ་གལ་ཧ་ཅང་ཆེ་བར་བརྟེན་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་དར་སྤེལ་ཐོག་ནུས་པ་ཐོན་པའི་ལས་འགུལ་སྤེལ་འཆར་ཡོད།
༢༽ བོད་དོན་བདེན་མཐའ་གསལ་ཐབས་སུ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གསར་གཏོད་མཛད་པའི་དབུ་མའི་ལམ་གྱི་སྐོར་རྒྱ་གར་གཙོས་ཕྱི་རྒྱལ་མང་ཚོགས་ལའང་གོ་རྟོགས་མཐིལ་ཕྱིན་པ་སྤེལ་རྩིས་ཡོད།
༣༽ དེང་སང་བོད་པའི་སྤྱི་ཚོགས་གང་སར་བཟང་སྤྱོད་ཉམས་རྒུད་འགྲོ་བཞིན་་པར་བརྟེན་སྐྱ་བོ་ཚོར་ཡ་རབས་མཛངས་སྤྱོད་དང་ནང་པའི་རིག་གཞུང་ལ་དམིགས་བསལ་དོ་སྣང་སླེབས་ཆེད་འཆར་གཞི་ལྡན་པའི་ལས་འགུལ་སྤེལ་འཆར་ཡོད།།
མིང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཕུན་རབ་ཆོས་བཟང་།
སྐྱེ་ཡུལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྟོད་མཁར་སྟེང་།
རང་ལོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་51
ད་ལྟའི་སྡོད་གནས་་་་་་་་་་་་་་་་་་་་་་་་མོན་གྷོ།