མདོ་ཁམས་རྫ་སེར་ཤུལ་དགོན་གྱི་གངས་ཅན་སྨོན་ཆེན་མོ།

ཕྱི་ནང་བོད་མི་ཡོངས་ཀྱི་ཡིད་ལ་བརྣག་པའི་རེ་འབྲས་ཡོངས་སུ་འགྲུབ་པ། ལྷག་པར་ལོ་འདིར་བོད་མདོ་ཁམས་ཡུལ་ཤུལ་ཁུལ་དང་མདོ་སྨད་འབྲུག་ཆུ་རྫོང་། སྟོད་ལ་དྭགས་སོགས་སུ་རང་བྱུང་འབྱུང་བའི་གོད་ཆག་ཆེན་པོ་བྱུང་བའི་རྐྱེན་གྱིས་མི་གྲངས་སྟོང་ཕྲག་མང་པོ་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་ཆེད་དུ་དམིགས་ཏེ་སྨོན་ལམ་ཆེན་མོ་དེ་འཚོགས་པ་ཞིག་ཡིན་འདུག་པ་དང་། སྨོན་ལམ་ཆེན་མོ་དེའི་མགྲོན་བདག་རྫ་སེར་ཤུལ་སྡེ་དགོན་གཉིས་ཀྱི་ངོས་ནས་ཀྱང་ཕྱོགས་མཐའ་ནས་ཕེབས་པའི་ཆོས་ཞུ་བའི་འབོར་ཇི་ལྟར་ཆེ་ཡང་སྡོད་ཁང་སྡོད་གུར་སོགས་ཀྱི་ནང་དུ་ཟ་ཆས་དང་། ཐབ། གོས་ལ་སོགས་བཀོད་སྒྲིག་རྒྱ་ཆེ་བྱས་ཡོད་པ་རེད་འདུག

 

སྐྱབས་རྗེ་སེར་ཤུལ་ཁྲི་པ་ཡིན་བཞིན་ནོར་བུ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཕེབས་ཡོད་པ་མ་ཟད། ད་ཐེངས་ཀྱི་སྨོན་ལམ་ཆེན་མོ་འདི་ནི་བརྩེ་ཆེན་ཕྱག་ན་པདྨོའི་ཐུགས་བཞེད་ཡོངས་སུ་འགྲུབ་ཆེད་དང་། ཡངས་པའི་རྒྱལ་ཁམས་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པ་རྣམས་ཀྱི་ཡིད་ཀྱི་རེ་འབྲས་ཡོངས་སུ་འགྲུབ་པ། ད་དུང་ས་ཆུ་མེ་རླུང་སོགས་རང་བྱུང་གི་འཇིག་པ་ཡོང་བཞིན་པ་དེ་དག་མྱུར་དུ་ཞི་བའི་ཆེད་དུ་སྨོན་ལམ་ཆེན་མོ་འདི་ལྟ་བུ་འཚོག་དགོས་སྐོར་གྱི་བཀའ་སློབ་གནང་འདུག

 

ད་དུང་མི་རིགས་མཐུན་སྒྲིལ་དང་རིག་གནས་སློབ་སྦྱོང་། སྐད་ཡིག་སྲུང་སྐྱོབ། དེ་བཞིན་སྨོན་ལམ་ཆེན་མོ་འདིར་དཀའ་བ་ཆེད་བསད་ཀྱིས་ཁུལ་དང་ཞིང་ཆེན་རྫོང་རིམ་པ་བརྒྱུད་ནས་ཕེབས་པའི་སྙིང་དོན་འཕྲོ་བརླག་གཏོང་མི་རུང་བའི་སྐོར་ལ་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད་འདུག ད་ཐེངས་ཀྱི་གངས་ཅན་སྨོན་ལམ་ཆེན་མོ་འདི་ནི་དེ་སྔོན་ལས་མི་ཚོགས་ཧ་ཅང་མང་བ་མ་ཟད། ཕྱི་ནང་རྒྱལ་ཁབ་དུ་མའི་གསར་འགོད་པ་མང་པོ་ཡོང་སྟེ་དོན་སྣང་བྱེད་ཀྱི་ཡོད་པ་རེད་འདུག།

བོད་ཀྱི་བང་ཆེན་ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སིཌི་ནེ་ནས།

{jcomments on}