བརྩེ་དུང་གི་ཚེ་སྲོག

ད་དུང་ང་ཚོའི་གནའ་མར་ལས་སྟངས་མི་འདུག་ཅེས་ཟེར་བཞིན་མིག་ལོག་དང་གཤེ་གཤེ་ཁོ་ན་གཏོང་གི་ཡོད།འོན་ཀྱང་ཁོ་གཉིས་ཕན་ཚུན་མཛའ་གཅུགས་ཀྱིས་དགའ་བའི་སེམས་པ་གཅིག་ཏུ་མཐུན་ནས་ཉིན་ལྟར་རི་འགོར་ལུག་འཚོ་བར་བསྐྱོད། དེ་ལྟར་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་ལོ་འགའ་སོང་བའི་རྗེས། ཉིན་ཞིག་ཁོ་གཉིས་རི་མགོར་རྫི་ཇ་སྐོལ་ཚར་རྗེས་སྟོབས་ལྡན་ལུས་པོ་ཡོངས་ཉོབ་པོ་ཞིག་བྱུང་བ་དང༌། ཤིང་སྡོང་གི་འཁྲིས་སུ་གཉིད་དུ་ཡུར་བ་དང༌། སྐྱིད་ལོ་ཡག་གིས་སྟོབས་ལྡན་གཉིད་ལས་ལྡང་བ་དང༌། ཇ་ཞིག་འདྲེན་རྒྱུའི་ཆེད་དུ་ཐག་རིང་ཙམ་ལ་ཆུ་ལེན་པར་བསྐྱོད་སོང༌། སྟོབས་ལྡན་གཉིད་དུ་ཡུར་བ་དང༌། དངོས་གསུམ་དང༌། རྨི་ལམ། འཁྲུལ་སྣང་བཤོད་མི་ཤེས་པར་གློ་བུར་དུ་བུ་མོ་ཡིད་དུ་འོང་བ་ཞིག་རང་གི་འདུན་དུ་ཡོང་ནས་འདོད་པའི་རྣམ་འབྱོར་དང་སྦྲགས་འདི་ལྟར་བཤད། ཁྱོད་དང་སྐྱིད་ལོ་ཡག་གཉིས་གཏན་དུ་བསྐོས་པའི་ཚེ་གྲོགས་དེ་མིན། ལས་ཀྱི་བསྐོས་པའི་གཏན་གྱི་ཚེ་གྲོགས་དེ་ང་ཡིན་པས། ད་ལྟ་འགྲོ་ན་ལེགས་ཟེར། སྟོབས་ལྡན་གྱིས་དེ་ལྟར་ཡོང་སྲིད་འདོག་མེད། ངེད་གཉིས་གཉེན་སྒྲིག་བྱས་ནས་ལོ་མང་སོང་ཡོད་ལ། ང་གཉིས་བར་གྱི་བརྩེ་གདུང་ནི་ཨ་ལོང་གས་ཀ་མེད་པ་ཞིག་ཡིན་ཅེས་བཤད་པར། བུ་མོ་དེས་ཁྱོད་ད་ལྟ་འགྲོ་མི་འདོད་ཀྱང༌། རྗེས་མའི་ལོ་ཟླ་དུས་ཚེས་ལ་ཁྱོད་མ་ཡོང་སྐབས་མེད་བཟོ་ངེས་ཡིན་ཟེར་བུད་སོང༌།མུ་འགོད།