སྐབས་༡༥ པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་མི།

བརྡ་སྤྲོད་རིག་པ་བཅས་ལ་སློབ་སྦྱོང་བྱས་ཏེ་ཕྱི་ལོ་༢༠༠༢ ལོར་སློབ་མཐར་ཕྱིན་ནས་རྒྱལ་ས་ལྡི་ལིར་ལོ་གཅིག་རིང་རིག་མཛོད་གློག་ཀླད་ཆེད་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ། དེ་ནས་བོད་ཀྱི་དཔེ་མཛོད་ཁང་དུ་ནང་དོན་རིག་པ་གཙོ་བོར་གྱུར་པའི་དབྱིན་ཇི་ལོ་ངོ་དྲུག་ཙམ་རིང་སློབ་སྦྱོང་བྱས། དེ་རྗེས་མི་མང་གིས་འོས་འདེམས་བྱུང་བ་བཞིན་མདོ་ཁམས་ཆུ་སྒང་དྷ་ས་ས་རྒྱུན་དྲུང་ཆེའི་ཞབས་ཞུ་ལོ་གསུམ་དང། ས་གནས་འཐུས་མིའི་འགན་ཁུར་ཏེ་ཞོར་དུ་རང་ངོས་ནས་དང་བླངས་ཀྱིས་རང་རིགས་སྤུན་ཟླ་རྣམས་ཀྱི་འཕྲལ་ཕུགས་གཉིས་ཀྱི་དཀའ་ངལ་སེལ་ཆེད་དབྱིན་ཇིའི་དགེ་རྒན་བྱས་ཏེ་སྤྱི་ཚོགས་ཞབས་ཞུ་ཅི་ནུས་བྱེད་བཞིན་པ་ཡིན། ད་ཐེངས་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་སུ་ལང་རྒྱུར་འབྲེལ་ཡོད་འགའ་ནས་ཚགས་ཤོག་དང་ཡིག་ངག་གཉིས་ཐོག་ནས་བསྐུལ་བཞིན་འདུག་པས། ཁོང་ཚོའི་རེ་འདུན་དང་གུས་པ་རང་ལའང་བོད་གཞུང་དང་མི་མང་ལ་ལྷག་བསམ་རྣམ་དག་ཐོག་ཞབས་ཞུ་ཞུ་འདུན་གྱི་འདུན་པ་ཤུགས་དྲག་ཡོད་པས་ད་རེབ་ཀྱི་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་མིར་ལང་པ་དང་འབྲེལ་ཕྲན་གྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་ཡིན།