ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱི་གསལ་བསྒྲགས།
ཟླ་འདིའི་ཚེས་༢༣ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་དྷ་སར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
ལྷ་མོ་སྐྱབས་ལགས་ཀྱིས་བོད་ཀྱི་རྒྱལ་དར་ཞིག་ཁྱེར་ཡོད་པ་ལ་བརྟེན་ནས། ༢༠༠༦ ལོའི་ཕྱི་ཟླ་༥ ཚེས་༡༣ ཉིན་ལྷ་སར་རྒྱ་ནག་གཞུང་གི་བདེ་སྲུང་མི་སྣས་དངོས་སུ་འཛིན་བཟུང་བྱས་པ་དང་། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་༣ ཧྲིལ་པོར་དུས་བཀག་བཙོན་འཇུག་དང་ལོ་གཉིས་ལ་ཆབ་སྲིད་ཀྱི་དབང་ཆ་ཕྲོགས་ནས་ཕྱི་ལོ་༢༠༠༧ ཟླ་༤ ཚེས་༡༠ ཉིན་ཆུ་ཤུལ་བཙོན་ཁང་དུ་བསྐྱལ་ཡོད་པ་རེད། ཁོང་ཆུ་ཤུལ་བཙོན་ཁང་དུ་སྒྲོལ་མ་སྐྱབས་དང། སྤང་རི་འཇིགས་མེད་བསྟན་འཛིན་ཉི་མ་རིན་པོ་ཆེ། ཁམས་མཛོ་སྒང་ནས་ཡིན་པའི་འཕྲིན་ལས་དངོས་གྲུབ་སོགས་མདོ་དབུས་ཁམས་གསུམ་གྱི་ཆབ་སྲིད་བཙོན་པ་ཚོ་བཀག་ཉར་བྱེད་སྟངས་དང་། ༢༠༠༨ ལོར་བོད་མིའི་ཞི་སྒོལ་སྐབས་འཛིན་བཟུང་བྱས་པ་མང་པོ་ཆུ་ཤུལ་བཙོན་ཁང་དུ་བཀག་ཉར་བྱས་ཡོད་སྐོར་ངོ་སྤྲོད་གནང་སོང་། དམིགས་བསལ་གྱིས་སྒྲོལ་མ་སྐྱབས་ལགས་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྐོར་ངོ་སྤྲོད་གནང་སོང་།།
{jcomments on}