བོད་དོན་དྲིལ་བསྒྲགས་པའི་སྦག་སྦག་བཀག་འགོག
ཟླ་འདིའི་ཚེས་༢༤ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་དོན་དྲིལ་བསྒྲགས་པ་ལྷག་པ་ཚེ་རིང་ལགས་ཀྱིས། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་མང་པོའི་ནང་སྦག་སྦག་བཏང་ནས། བོད་དོན་དྲིལ་བསྒྲགས་ཀྱི་སྐོར་བསྐྱོད་ཟིན་ཏེ་རྒྱ་གར་ལྷོ་ཕྱོགས་ཆིན་ནཱ་ནང་འབྱོར་སྐབས། གྲུ་ཐོག་ནས་བཏང་བའི་སྦག་སྦག་གི་ཡིག་ཆ་ཚང་མེད་ཚུལ་བརྒྱུད་ནས། ཉེན་རྟོག་པས་སྦག་སྦག་ཕྱིར་བཏང་མེད་པ་རེད།
ལྷག་པ་ཚེ་རིང་ལགས་ཀྱིས། ངའི་འཆར་གཞིའི་ནང་ཐོག་མར་བྷང་ལོར་སོང་ནས་སྦེལ་ཀོབ། ཧོན་སུར། བྷམ་བྷེ། ལྡི་ལི་སོགས་ལ་སྐོར་བསྐྱོད་ཚར་རྗེས་དྷ་སར་སོང་ནས།། ༧གོང་ས་མཆོག་མཇལ་ཁ་ཐོབ་རྒྱུར་སྐོམ་པ་ཆུ་འདོད་ལྟར་རེ་བ་བྱེད་བཞིན་ཡོད། ངས་སྦག་སྦག་གི་ཡིག་ཆ་མཉམ་དུ་འཁྱེར་ཡོད། ད་ལྟའི་བར་རྒྱལ་ཁབ་མང་པོའི་ནང་བོད་དོན་དྲིལ་བསྒྲགས་ཀྱིས་སྐོར་བསྐྱོད་བྱས་པ་ཡིན། ཡིག་ཆའི་དཀའ་ངལ་འདི་འདྲ་བ་འཕྲད་མ་སོང། ངས་སྦག་སྦག་ཕྱིར་རག་ཐབས་བྱེད་བཞིན་ཡོད་ལ། དྷ་རམ་ས་ལའི་ཡིག་ཚང་ཁག་གིས་ཀྱང་རོགས་རམ་བྱས་ཏེ་རག་ཐབས་གནང་ཡོད་པ་རེད་ཅེས་བརྗོད་འདུག
ད་ལྟའི་སྐབས་ལྷག་པ་ཚེ་རིང་ལགས་ཀྱིས་ཐབས་ཤེས་བཏང་ནས་སྦག་སྦག་ཕྱིར་རག་ཐབས་བྱེད་བཞིན་ཡོད་ཀྱང། འབྲེལ་ཡོད་ཀྱི་ལས་ཁུངས་དེས་ཨ་སྒོར་༡༨༠༠༠ མ་སྤྲད་ན་སྦག་སྦག་ཕྱིར་སྤྲོད་རྒྱུ་མིན་ཚུལ་བརྗོད་ཡོད་པ་དང། ལྷག་པ་ཚེ་རིང་ནི་རྒྱ་གར་ནང་འཚར་ལོངས་བྱུང་ནས་བོད་ཁྱིམ་སློབ་གྲྭ་འགྲིམས་ཡོད་ཅིང། ཕྱིས་སུ་ཨ་རིར་ཕྱིན་ཡོད་པ་དང་ད་ལྟའི་སྐབས་བོད་དོན་དྲིལ་བསྒྲགས་ཆེད། འཛམ་གླིང་རྒྱལ་ཁབ་དང་ས་གནས་གང་སར་བསྐོར་བསྐྱོད་བྱེད་བཞིན་ཡོད་པ་རེད།།
{jcomments on}