དྲ་ཐོག་ནས་འཆམ་ར་དྲི་མེད་སྤྱི་འཐུས་འོས་ཚུལ་འདི་ལྟར་གླེང་འདུག

རྡོ་རྗེ་བཀྲ་ཤིས་ཀྱིས།

རྙིང་མའི་སྤྱི་འཐུས་ཁོང་ཉིད་འོས་ཤིང་འཚམས་པ་འདུག
རྒྱབ་སྐྱོར་གཙང་མ་ཡོད།།

ལི་ཐང་ཕན་བཀྲ་ཡིས།

འཕྲིན་ལས་ལགས།
ང་ལ་སྔ་འགྱུར་བའི་འཐུས་མི་བདམ་པའི་ཐོབ་ཐང་དེ་ཡོད་ན། ངས་ཁོང་ལ་འོས་ཤོག་
འཕང་ངེས་ཀྱང་དེ་ནི་བྱ་ཐབས་བྲལ་བའི་གནས་སྟངས་ཤིག་གི་ནང་ཡོད། ཡིན་ན་ཡང། ངས་ཁོང་གིས་
བོད་གཞུང་ལ་ཞབས་ཕྱི་ཞུ་བའི་ཆོད་སེམས་ཡོད་པར་ཡིད་རང་དང། དེ་དེ་བཞིན་ལམ་སློང་ཡོང་བའི་སྨོན་འདུན་

ཤམྦྷ་ལའི་དྲ་བ་རྩོམ་སྒྲིག་པ་ལི་ཐང་ཡེ་ཤེས་ཆོས་བཟང་གིས།

རྩོམ་པ་པོ་སྐལ་བཟང་ལགས་ཀྱིས་འདི་འདྲ་བསམ་གཞིགས་གནང་བར་རྗེས་སུ་ཡིད་རང་ཞུ་བཞིན་ཡོད། སྐུ་ཉིད་ནས་ངོ་སྤྲོད་དང་ལོ་རྒྱུས་སྙིང་བསྡུས་སྤེལ་བ་འདི་གུས་ནས་ཀྱང་རྒྱབ་སྐྱོར་གཙང་མ་ཡོད་ལ། དེ་ཡང་དངོས་ཡོད་གནས་སྟངས་དང་ཁོང་ལ་ཆ་རྒྱུས་ཡོད་པའི་ཐོག་ནས་རྩོམ་པ་པོ་འཆམ་ར་དྲི་མེད་རྒྱལ་ལགས་ཤེས་ཡོན་དང་འཇོན་ཐང་གཉིས་ལྡན་ཡིན་པ་དང༌། སྐད་ཡིག་གཞན་གྱི་ཐོག་ནས་ཀྱང་བྱང་ཆུབ་པ་ཞིག་འདུག ལྷག་པར་དུ་སྤྱི་འཐུས་ལྷན་ཁང་དུ་རྙིང་མའི་སྤྱི་འཐུས་ཀྱི་འོས་མི་ཁོང་ལ་ཧ་ཅང་འཚམས་པོ་འདུག་ལ། དེ་ནི་ཞུ་མི་དགོས་པར་མཁྱེན་གསལ་རེད།

ཨོ་རྒྱན་རིག་འཛིན་གྱིས་

འཆམ་ར་འདིའི་མི་གཞི་དང་མཁྱེན་ཡོན་སོགས་ཕྱོགས་གང་ཐད་ནས་རྙིང་མིའི་སྤྱི་འཐུས་ལ་བཞེངས་ན་འོས་འཚམ་ཡིན་པ་ཁོ་བོས་སྔ་ས་ཤེས་ཀྱི་ཡོད།
རྒན་འབའ་པས་ངོ་སྤྲོད་གནང་བར་ཐུགས་ཆེད་གནང།
ཁོང་གི་ཕྱགས་རོགས་དེ་སློབ་དཔོན་བསོད་ནམ་བསྟན་འཕེལ་རང་བཞུགས་ན་མ་གཏོགས་བུ་ཕྲུག་ལགས་མི་ཚེ་གང་པོར་རྙིང་མ་ཚང་གི་ལག་གཡོག་བྱས་ན་ཅུང་སྙིང་རྗེ་མེད་པའི་བཟོ་འདྲ་མི་འདུག་གེ།
མ་མཐར་ཁོང་ལ་ཡང་རྒན་ཡོལ་གྱི་ཐོབ་ཐང་ལོས་དགོས།

བྲག་འགོི་དཀོན་མཆོག་དར་རྒྱས་ཀྱིས

ངས་ཀྱང་ཁོང་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད།
ད་དུང་འདི་ཕྱོགས་སུ་ང་དང་གྲོགས་པོ་མི་ཉུང་་བ་ཞིག་གིས་ཀྱང་མོས་མཐུན་ཡོད། མ་འོངས་པ་ཁོང་ལ་འོས་བླུག་ངེས་ཡིན་ལགས།

བང་ཆེན་དྲ་ཐོག་ན་གནད་ཡོད་མི་སྣ་ཁག་གིས་འཆམ་ར་དྲིམེད་ལགས་སྤྱི་འཐུས་འོས་པའི་རྒྱབ་སྐྱོར་གནང་བ།

བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས།

ངས་ཀྱང་རྒྱབ་སྐྱོར་གྱི་འབོད་སྐུལ་ཞུ་རྒྱུ་ཡིན།

ཐུབ་བསྟན་གྱིས།

རྩོམ་པ་པོ་དྲི་མེད་ལགས་འོས་འདོན་བྱས་མཁན་རྣམ་ལ་ཁ་དྲོ་ཟེ་རྒྱུ་ཡིན།
ཡིན་ནའང་རི་མགོ་སྤྲུལ་སྐུ་དང་མཁོ་ཆེན་གཉིས་རྣམ་གྲོ་གླིང་གི་ཆབ་སྲིད་སློབ་དཔོན་རེད་ཟེར་སྲོལ་འདུག
དེ་གཉིས་ནི་ཆུ་སྒང་གསར་བ་ཚོ་གི་རྒྱུག་ཁྱི་དག་མ་རེད།
རྒྱ་རི་ཚོ་ལ་རྒྱུ་ཡོད་ལ་རེད་ ཡཡཡ

བོད་མི་མང་མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས།

གང་ལྟར་ང་འོས་བླུག་རྒྱུའི་ཐོབ་ཐང་མེད་པ་མ་ གཏོགས། ཡོད་སྲིད་པའི་དབང་དུ་བཏང་ན་འཆམ་ར་བ་དྲི་མེད་རྒྱལ་མཚན་འདི་མི་འོས་པ་ཞིག་གཏན་ ནས་མ་རེད། འོས་ཤིང་འཚམས་པ་ཞིག་རེད།

This will close in 0 seconds