སྙིང་སྡུག་མ།

 

མ་དྲན་དུས་ཀྱི་འགོ་མ་ནས། །

མ་བྲལ་ལོ་གསུམ་གཤིབ་པའི་ནང་། །

མ་རྟོགས་སེམས་ཀྱི་བརྩེ་བ་ཞིག །

མ་བཟང་བུ་མོ་ཁྱོད་ལ་ཤོར། །

མ་འོང་མི་ཚེ་ཁྱོད་ལ་བཅོལ། །

མ་གསང་སྙིང་གཏམ་ཁྱོད་ལ་བཤད། །

མ་ལུས་སྐྱིད་པའི་ཚོར་སྣང་དེས། །

མ་རྫོགས་རྨི་ལམ་རིང་དུ་བསྲིངས། །

མ་གཞི་ལུས་འདྲེས་སེམས་འདྲེས་ཀྱང་། །

མ་རུང་ལས་དབང་བཙན་པོ་འདིས། །

མ་འཇམ་བུ་མོ་གཤིས་བཟང་དེ། །

མ་བསམ་ལེ་བར་ཁྲི་རུ་འཕང་། །

མ་མཇལ་དུས་ཀྱི་འཁོར་ལོ་ན། །

མ་མཐོང་སེམས་ཀྱི་བརྩེ་བ་ཞིག །

མ་ཁོག་སྙིང་དུ་བཅང་ན་ཡང་། །

མ་ཐུག་བར་དུ་བཏོན་ཐབས་དཀའ། །