མི་རབས་གསར་པའི་བཀའ་ཁྲིའི་བགྲོ་གླེང།

mirab_sarpa-1བགྲོ་གླེང་གོ་སྒྲིག་པ་བཀྲ་ཤིས་འགྱུར་མེད་ཀྱིས་བགྲོ་གླེང་འདི་གོ་སྒྲིག་དགོས་དོན་སྐོར་བརྗོད་དོན། ༧གོང་ས་མཆོག་དགུང་ལོ་ཆེན་པོར་ཕེབས་ཡོད་པ་དང། མི་ཐོག་སྔོན་མའི་ཁྲག་དང་དངུལ་ཆུས་འགྲོ་སོང་བཏང་བ་དང། གཞིས་ལུས་མི་མང་གིས་ཚེ་སྲོག་གི་འགྲོ་སོང་བཏང་སྟེ་འཐབ་རྩོད་བྱས་པ་དེའི་ཐོག་རྩོམ་པ་པོ་དང། མི་ཐོག་གསར་པའི་འགན་ཁུར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་གཞུང་གིས་༧གོང་ས་མཆོག་སྐུ་འཚོ་བཞུགས་མེད་པ་དང། མི་ཐོག་རྒན་པ་རྫོགས་འགྲོ་སྐབས་ནས། བཙན་བྱོལ་གཞུང་དང་མི་རིགས་ཀྱི་འཐབ་རྩོད་དེ་ནུས་མེད་ཆགས་འགྲོ་བ་ཞིག་ཡིན་སྐོར་བཤད་ཀྱི་ཡོད་པས། གོ་སྒྲིག་པའི་ངོས་ནས་༧གོང་ས་མཆོག་གི་དགོངས་གཞི་ལྟར་ལས་ཀ་བྱེད་མཁན་གྱི་མི་རབས་གསར་པ་ཞིག་སླེབས་པའི་ཆེད་དུ་ཡིན། དེ་བཞིན་རྒྱ་ནག་གཞུང་གིས་ནམ་རྒྱུན་བཙན་བྱོལ་གཞུང་དེ་བཀས་བཀོད་རྒྱུད་འཛིན་རོ་ལངས་རྒྱག་གི་ཡོད་པ་རེད་ཅེས་འཁྱོགག་བཤད་སྣ་ཚོགས་བྱེད་བཞིན་ཡོད་པས། སྐབས་འདིའི་བཀའ་བློན་ཁྲི་པར་ཤེས་འཇོན་ལྡན་པའི་མི་ཚང་དཀྱུས་མ་དང་མི་རབས་གསར་པ་ཞིག་འདེབས་ཐུབ་ན། རྒྱ་ནག་གཞུང་ལ་ལན་འདེབས་གསལ་པོ་ཞིག་བྱེད་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

བགྲོ་གླེང་དེ་སཱ་ར་མཐོ་སློབ་ཀྱི་སློབ་མ་ཁག་ཅིག་དང། ནོར་གླིང་མཐོ་སློབ་ཀྱི་སློབ་མ་ཁག་ཅིག སྨན་རྩིས་ཁང་མཐོ་སློབ་ཀྱི་སློབ་མ་ཁག་ཅིག་བཅས་མཉམ་འབྲེལ་ཐོག་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང། བགྲོ་གླེང་དེའི་དམིགས་ཡུལ་གཅིག་ད་ལྟའི་བཀའ་ཁྲིའི་འོས་མི་མཁས་དབང་བློ་བཟང་སེང་གེ་ལགས་སུ་རྒྱབ་སྐྱོར་གྱི་ཆེད་དུ་ཡིན་འདུག ཁོང་ཚོས་“མི་རབས་གསར་པའི་འབོད་སྒྲའི་འོག་གི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་”ཞེས་ཁ་བྱང་དུ་འཁོད་པའི་ཡིག་ཆ་འགྲེམས་སྤེལ་བྱས་པ་དང། རིམ་པས་བགྲོ་གླེང་པ་གསུམ་གྱིས་སོ་སོའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་བ་དང། མི་མང་གི་དྲི་བར་ལན་འདེབས་བྱས་ཡོད་པ་རེད།།

{jcomments on}