ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་ལྕགས་ལམ་སྐྲུན་འགོ་ཚུགས་པ།
ཟླ་འདིའི་ཚེས་༢༦ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས། བོད་ཀྱི་གྲོང་ཁྱེར་ཨང་གཉིས་པར་གྲགས་པའི་གཞིས་རྩེ་གྲོང་ཁྱེར་བར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུའི་སྐུལ་སློང་ཚོགས་ཆེན་ཞེས་པ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཁབ་གོང་འཕེལ་བཅོས་སྒྱུར་རྒྱུན་ལས་ལྷན་ཁང་གི་ཚོགས་གཙོ་ཀྲང་ཕིང་དང་། བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་དྲུང་ཆེ་ཀྲང་ཆིང་ལི། མེ་འཁོར་ལྕགས་ལམ་ལས་ཁུངས་ཀྱི་འགན་འཛིན་ལིའུ་ཀྲི་ཅུན་བཅས་ཀྱིས་ལྷ་གཞིས་ལྕགས་ལམ་འཛུགས་སྐྲུན་སྤྱི་ཁྱབ་བཀོད་འདོམས་ལས་ཁུངས་ཀྱི་བྱང་བུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
དེ་བཞིན་ལྷ་ས་ནས་གཞིས་རྩེ་བར་ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུའི་སྐུལ་སློང་ཚོགས་ཆེན་ཞེས་པ་ལྷ་སར་འཚོགས་ཤིང་། ལྷ་གཞིས་ལྕགས་ལམ་དངོས་སུ་འཛུགས་སྐྲུན་བྱེད་འགོ་བཙུགས་ཡོད་པ་དང་། རྒྱལ་ཁབ་གོང་འཕེལ་བཅོས་སྒྱུར་རྒྱུན་ལས་ལྷན་ཁང་གི་ཚོགས་གཙོ་ཀྲང་ཕིང་དང་། བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་དྲུང་ཆེ་ཀྲང་ཆིང་ལི། ལྕགས་ལམ་ལས་ཁུངས་ཀྱི་འགན་འཛིན་ལིའུ་ཀྲི་ཅུན། བོད་རང་སྐྱོང་ལྗོངས་དམར་ཕྱོགས་དྲུང་ཆེ་གཞོན་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་འཐུས་མི་ལྷན་ཁང་གི་ཚོགས་གཙོ་བྱམས་པ་ཕུན་ཚོགས། བོད་རང་སྐྱོང་ལྗོངས་དམར་ཕྱོགས་དྲུང་ཆེ་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་པདྨ་འཕྲིན་ལས་སོགས་ལས་གཞི་འགོ་འཛུགས་ཀྱི་རྨང་གཞི་འདིང་བའི་མཛད་སྒོར་ཞུགས་འདུག །
{jcomments on}