བུད་མེད་ཚོགས་པའི་འགྱུར་ལྡོག
དེའང་དབུས་བུད་མེད་ཚོགས་པས་འདི་ལོའི་བཀའ་ཁྲིའི་ཚོད་ལྟའི་འོས་བསྡུའི་ལས་འགུལ་མ་སྤེལ་བའི་སྔོན་དེར། (བཀའ་བློན་ཁྲི་བའི་འོས་བསྡུའི་ཟབ་སྦྱོང་)ཞེས་པ་ཞིག་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་རྡ་ས་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་ནང་དུ་ས་གནས་བུད་མེད་ཚོགས་པའི་གོ་སྒྲིག་འོག་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་དབུས་བུད་མེད་ཚོགས་པའི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཕེབས་གནང་འདུག རེད་དེ་མང་ཚོགས་དེ་ཙམ་མང་པོ་ཕེབས་མི་འདུག་མོད། ཡིན་ནའང་གྱི་ན་བ་ང་ནི་ནམ་རྒྱུན་བཞིན་ཟབ་སྦྱོར་དེར་གཅར་རྒྱུ་བྱུང།
སྐབས་དེར་ཚོགས་གཙོ་མཆོག་གིས་གསུངས་དོན། ༼ང་ཚོས་ད་རེས་ཚོད་ལྟའི་འོས་བསྡུ་བྱེད་དོན་ནི་བོད་མི་རྣམས་འོས་བསྡུ་དངོས་ལ་དོ་སྣང་སླེབས་ཆེད་དང་། འོས་བསྡུ་དངོས་ལ་མ་ནོར་མ་འཁྱུག་པའི་འོས་ཤིག་འཕེན་ཐུབ་ཆེད་ཡིན། ང་ཚོས་ད་རེས་ཚོད་ལྟའི་འོས་བསྡུའི་ནང་བོད་མི་འབུམ་གཅིག་གིས་འོས་འཕེན་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་༽གསུངས་སོང་། དེ་བཞིན་ཁོང་གིས༼ང་ཚོས་ཚོད་ལྟའི་འོས་བསྡུ་བྱས་ནས་དེའི་གྲུབ་འབྲས་དེ་གསལ་བསྒྲགས་བྱ་རྒྱུ་ལས། འོས་ཐོབ་མཐོ་ཤོས་ཀྱི་ཚོད་ལྟའི་བཀའ་ཁྲི་དེ་རྒྱབ་སྐྱོར་བྱས་ཏེ། དེ་ཉིད་བཀའ་ཁྲིར་འཐོབ་ཆེད་ཀྱི་ལས་འགུལ་སྤེལ་གྱི་མིན། གང་ཡིན་ཟེར་ན་ང་ཚོས་ད་ལོ་བཀའ་ཁྲིའི་འོས་གཞི་འདོན་འཆར་མེད་ལ། དེ་ནི་དགོས་ངེས་ཅན་ཞིག་མཐོང་མ་སོང་བ་མ་ཟད། མང་ཚོགས་ཀྱི་དོ་སྣང་དང་། སོ་སོ་རང་མོས་ཀྱིས་བཀའ་ཁྲི་ཞིག་གདམ་པ་ལ་ཤན་ཤུགས་ངན་པ་ཐེབས་སྲིད་པ་འདོད་ཀྱིན་ཡོད་༽སོགས་གསུངས་སོང་།
ངའི་བསམ་རྣོ་ལ་ཁོང་ཚོས་འདི་ལྟར་འགྲོ་སོང་དང་ནུས་ཤུགས་འདོན་ན། བོད་མི་འབུམ་གཅིག་གི་གྲུབ་འབྲས་དེའང་གནད་ཆེན་ཞིག་ཆགས་སྟབས། དེ་དག་དོན་ཡོད་པ་བྱ་དགོས་ཀྱི་འདུག་དྲན་ནས། ཁོང་ལ་བསམ་ཚུལ་འདི་ལྟར་ཞུས་པ་ཡིན། (བུད་མེད་ཚོགས་པས་འོས་གཞི་མ་འདོན་ན་མ་འདོན། གང་ལྟར་ཁྱེད་ཚོས་ཚོད་ལྟའི་འོས་བསྡུའི་གྲུབ་འབྲས་དེ་མང་ཚོགས་ལ་ཁྱབ་བསྒྲགས་བྱས་རྗེས། དེ་རང་ལ་བུད་མེད་ཚོགས་པས་རྒྱབ་སྐྱོར་གྱིས་མང་ཚོགས་ལ་ངོ་སྤྲོད་གནང་བ་སོགས་བྱས་ན། དེ་ནི་བུད་མེད་ཚོགས་པས་འོས་གཞི་བཏོན་པ་ཞིག་མིན་པ། བོད་མི་ཁྲི་གཅིག་གམ། འབུམ་གཅིག་ག་ཚོད་ཀྱིས་འོས་འཕངས་ཡོད་ན། དེ་ཚོད་ཀྱི་བོད་མི་དག་གི་མངོན་འདོད་དང་ནུས་པ་ཞིག་ཡིན་སྟབས། ལས་འགུལ་གྱི་དགོས་དམིགས་ཡོད་པ་དང་། མང་ཚོགས་ཀྱང་དེར་མཉམ་ཞུགས་གནང་རྒྱུ་རེད། དེ་མིན་ཁྱེད་ཚོས་དེ་ལ་རྒྱབ་སྐྱོར་བྱ་འཆར་མེད་པའི་སྐད་ཆ་དེ་འདྲ་ཡིན་ན་ནི། མང་ཚོགས་ཀྱིས་ཀྱང་དེ་ལ་དཀའ་ལས་བརྒྱབ་སྟེ་འོས་འཕངས་བསྡད་ན་གྲུབ་འབྲས་མེད་པ་ཤེས་ནས། ཁྱེད་ཚོའི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཡོང་གི་མ་རེད་ལ། མ་ཡོང་ནའང་གྱོང་གོད་མེད་པ་ཞིག་རེད) སོགས་ཞུས་པ་ཡིན།
དེ་ལྟར་མི་མང་པོ་ཞིག་མེད་སྟབས་ཚོགས་གཙོ་ལགས་དང་ང་གཉིས་གླེང་མོལ་མང་ཙམ་བྱུང་། མཐའ་མ་དེར་ཁོང་གིས་ང་ཚོས་ལྟ་གི་ཡིན་གསུངས་སོང་། གང་ལྟར་སྐབས་དེ་དུས་བུད་མེད་ཚོགས་པས་ཚོད་ལྟའི་འོས་བསྡུའི་གྲུབ་འབྲས་དེ་མང་ཚོགས་ལ་ཁྱབ་བསྒྲགས་བྱ་འཆར་ངེས་གཏན་ཁེར་བ་ཞིག་རེད་འདུག་ཅེས་གསལ་པོ་ཞུ་རྒྱུ་ཡིན། ཡིན་ནའང་ལས་འགོ་བརྩམས་པ་ནས་འོས་གཤེར་བྱས་རྗེས་ཀྱི་བར་དུ་འགྱུར་བ་ཞིག་སོང་ཡོད་པ་རེད། དེའི་འགྱུར་བ་ནི། མང་ཚོགས་ཀྱིས་ཚོད་གཏམ་ཙམ་ལས་ཏན་ཏན་ཞིག་ངས་ཀྱང་མི་ཤེས་མོད། མི་མང་གི་ཁ་ལ་བདེན་པ་ཕྱེད་ཀ་དང་རྫུན་པ་ཕྱེད་ཀ་ཡོད་པའི་ཟོལ་འདྲའང་ཡོང་གིན་ཡོད