ཞི་བདེའི་གཟེངས་རྟགས་འོས་གཞི་ལ་རྒྱ་གཞུང་གིས་ངོ་རྒོལ།

 

ཟླ་འདིའི་ཚེས་༢༨ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ལྟར་འཛམ་གླིང་ནང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་གི་ཆེད་དུ་ཕྱག་ལས་འབུར་དུ་ཐོན་པ་གནང་མཁན་ཚོར། ནོ་སྦེལ་རྒྱལ་ཁབ་ཏུ་ཡོད་པའི་གཟེངས་རྟགས་མཐུན་ཚོགས་དེས། འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་སྲོལ་ཡོད་པ་བཞིན། འཆར་ཟླའི་ཚེས་༨ ཉིན་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དེ་ཁྱབ་བསྒྲགས་བྱེད་གཏན་ཁེལ་ཡོད་པ་རེད།

 

གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེའི་ཆེད་དུ་ལོ་ཉི་ཤུ་ལྷག་རིང་ལས་དོན་བྱས་ཏེ། ད་ལྟ་རྒྱ་ནག་གཞུང་གིས་བཙོན་ཁང་དུ་བཅུག་ཡོད་པའི་སྐུ་ཞབས་ལིའུ་ཤའོ་བྷོ་ཚུད་ཡོད་པས། རྒྱ་ནག་གཞུང་གིས་ནོ་སྦེལ་གཟེངས་རྟགས་ཚོགས་པར། གལ་སྲིད་རྒྱ་རིགས་ལིའུ་ཤའོ་བྷོ་ལ་ཞི་བདེའི་གཟེངས་རྟགས་སྤྲད་ན། འབྱུང་འགྱུར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་དོན་དང། ཆབ་སྲིད་ཀྱི་འབྲེལ་ལམ་སོགས་སྡུག་ཏུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

ནོ་སྦེལ་གཟེངས་རྟགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལུན་ཌི་སི་ཊི་ཡིས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཧྥུ་ཡཱི་ལ་དང་ང་ཐུག་སྐབས། གལ་སྲིད་ཞི་བདེའི་གཟེངས་རྟགས་རྒྱ་རིགས་ལིའུ་ཤའོ་བྷོ་ལ་སྤྲད་ན། རྒྱལ་ཁབ་ཕྱོགས་གཉིས་ཀྱི་འཆམ་མཐུན་ལ་དོ་ཕོག་ཡོང་རྒྱུའི་སྐོར་བརྗོད་བྱུང་། ཡིན་ནའང་རྒྱ་ནག་གི་ཉེན་བརྡ་འདིས་ང་ཚོའི་གཟེངས་རྟགས་ཚོགས་པར་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེེད།།

{jcomments on}