དགུ་བཅུ་གསུམ་ཚོགས་པའི་རྒྱུན་ལས་གསར་འདེམས།

9.13-29_september1ཐེངས་འདིའི་ཚོགས་ཆེན་ཐོག་སྒྲིག་གཞི་བསྐྱར་བཅོས་ཀྱིས་རྒྱུན་ལས་ཐེངས་གཉིས་ལས་བསྡད་རྗེས་ངེས་པར་དུ་འཕོ་འགྱུར་གཏོང་དགོས་པ་དང། རྒྱུན་ལས་ཁོངས་སུ་ཆོལ་ཁ་རེ་ནས་མི་གཉིས་རེ་ངེས་པར་དུ་དགོས་པ་གཏན་འབེབས་བྱས་ཡོད་པ་རེད། ཐེངས་འདིའི་རྒྱུན་ལས་ནང་དབུས་གཙང་མི་བཅུ་དང། མདོ་སྟོད་གསུམ། མདོ་སྨད་གཉིས་སླེབས་ཡོད་པ་རེད། ཚོགས་མི་བསྡོམས་པའི་༥༠༠ ཙམ་ཡོད་པ་དང། ཚོགས་བཅར་བ་བརྒྱ་ལྷག་བྱུང་འདུག ཚོགས་པ་དེའི་མི་འབོར་མང་ཤོས་དབུས་གཙང་ཆགས་ཡོད་པ་རེད། དེ་བཞིན་ཐེངས་འདིར་མ་འོངས་པར་བོད་དོན་ཆེད་ལས་འགུལ་སྤེལ་ཕྱོགས་དང། ཆབ་སྲིད་བཙོན་པར་གཟིགས་རྟོགས་གནང་སྟངས། ཚོགས་པ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་བ་དང། གྲོས་ཆོད་བཞག་ཡོད་པ་རེད།

9.13-29_septemberརྒྱུན་ལས་གསར་པ་རྣམས་ནི། ༡ འོད་ཟེར་རིན་པོ་ཆེ་དང། ༢ ཀླུ་མཁར་བྱམས། ༣ ལྷ་ཆབ་སྦྱིན་པ། ༤ གངས་ལྷ་མོ། ༥ཟླ་བ་བཀྲ་ཤིས། ༦ འཇམ་དཔལ་ལེགས་བཟང་། ༧ བསོད་ནམས་ཚེ་རིང་། ༨ བློ་བཟང་རྒྱ་མཚོ། ༩ སྤེན་པ་ཚེ་རིང་། ༡༠ ཚེ་རིང་ནོར་བུ། ༡༡ བཟོད་པ། ༡༢ ཚེ་རིང་བསམ་འགྲུབ། ༡༣ བློ་བཟང་ལུང་རིགས། ༡༤ དཔལ་ལྡན། ༡༥ ཐུབ་བསྟན་ཡར་འཕེལ་བཅས་ཡིན་པ་རེད།

ཚོགས་འདུ་མཇུག་བསྡོམས་ཐོག་ཚོགས་གཙོ་རྙིང་པ་ངག་དབང་འོད་འབར་ལགས་ཀྱིས་སྔོན་མ་ལས་དོན་བྱས་པ་དང། མ་འོངས་པར་བྱེད་ཕྱོགས་སྐོར་ལ་གསུང་བཤད་མདོར་བསྡུས་གནང་རྗེས། ཚོགས་གཙོ་གསར་པ་འོད་ཟེར་རིན་པོ་ཆེས། སྐབས་སྔ་མའི་རྒྱུན་ལས་ཚོས་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་གནང་བ་དང། མ་འོངས་པར་ཡང་ཚང་མས་ཆིག་སྒྲིལ་གྱི་ཐོག་ནས་ལས་དོན་བྱེད་རོགས་མ་གཏོགས། རྒྱུན་ལས་བཅོ་ལྔ་བཅིག་པུས་གང་ཡང་བྱེད་ཐུབ་ཀྱི་མ་རེད། རང་ངོས་ནས་ཧུར་ཐག་གནང་གི་ཡིན་ཞེས་སོགས་གསུངས་སོང་།

{jcomments on}