འོས་བླུགས་མ་ཐུབ་པའི་ས་གནས།
མཐོ་རིམ་སློབ་མ་ཡང་མང་པོ་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག བོད་མི་གནས་སྡོད་བྱེད་ཡུལ་དེ་དག་ཏུ་ཕལ་ཆེར་འོས་བསྡུའི་དེབ་སྐྱེལ་ཡང་དེ་ཙམ་ཚགས་ཚུད་པོ་བྱུང་མེད་པ་དང། དེབ་སྐྱེལ་ཡོད་པའི་མཐོ་རིམ་སློབ་མ་ཁག་ཅིག་སྦེལ་ཀོབ་ཏུ་འོས་བླུགས་སར་ཡོང་ཡོད་པ་རེད།
དེ་བཞིན་མེང་ལོར་དུ་ཡང་འོས་བླུགས་ས་གོ་སྒྲིག་བྱས་མེད་པའི་གནས་ཚུལ། ཐེངས་འདིར་དེབ་སྐྱེལ་བྱེད་མ་ཐུབ་པའི་ས་གནས་ཁག་ཅིག་བྱུང་བ་དང་། དེའི་ནང་ནས་མང་ཆེ་བ་སློབ་གཉེར་བ་ཡིན་པ་རེད། མེ་སོར་དང་། གྷོལ་པ་པུར་བོད་ཁྱིམ། པཱ་ཏི་ཀུར་ལག་ཤེས་སློབ་གྲྭ་སོགས་ཀྱི་ནང་དེབ་སྐྱེལ་ཚགས་ཚུད་བྱུང་མེད་པ་རེད།།
{jcomments on}